SRC ID: P1043
ཁོང་ནི་རབ་བྱུང་བརྒྱད་པའི་ཤིང་མོ་ཡོས། སྤྱི་ལོ་ ༡༤༩༥ ལོར་བྱང་ཕྱི་འབྲོག་དོལ་ཁྲོད་དུ་བྱོན། ཡོངས་ཀྱི་འདྲེན་པ་ལྷ་མང་ལྕགས་གསུམ་འཆི་མེད་དབང་པོ་འཛམ་གླིང་རབ་འབྱམས་ཏེ་ལྔ་ལ་མདོ་སྔགས་ཀྱི་གསན་པ་མཛད་ཅིང་། ཞེ་གསུམ་པ་མེ་མོ་བྱ་ལ་གཉན་ཡོད་བྱ་གཤོངས་ཀྱི་ཁྲིར་འཁོད། ལོ་ངོ་བདུན་དུ་འཆད་པའི་རྒྱུན་བསྲིངས། ཞེ་དགུ་པ་ཆུ་མོ་ཡོས་ལ་དཔལ་ངམ་རིངས་ཀྱི་དབུ་མཛད་དང་། ཡ་ག་ཆོས་སྡིངས་ཀྱི་བཤད་གྲྭ་བསྐྱངས། ལྔ་བཅུ་ང་གསུམ་པ་མེ་མོ་ལུག་ལ་ཆོས་སྡེ་ཆེན་པོའི་ཁྲི་ཆེན་པོ་ལ་ཞབས་པད་བརྟེན་ནས་ལོ་བཅོ་བརྒྱད་དུ་བསྟན་པ་བསྐྱངས། མཐར་དགུང་ལོ་བདུན་ཅུ་པ་རབ་བྱུང་དགུ་པའི་ཤིང་བྱི་སྤྱི་ལོ་ ༡༥༦༤ ལོར་དག་པའི་ཞིང་དུ་ཕེབས་སོ། །
ས་སྐྱའི་ཆོས་འབྱུང་གཅེས་བསྡུས། དེབ་ལྔ་པ། ཤོག་གྲངས་ ༣༩༢ པ། དེབ་གཟུགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
p>. གོང་དཀར་དགའ་བས། [version: 2019-02-03]