མཁས་གྲུབ་རིག་པའི་གློག་འཕྲེང་།

མིང་གཞན།

  • སློབ་དཔོན་རིག་པའི་གློག་ཕྲེང
  • ཆོས་ཀྱི་རྗེ་རིག་པའི་གློག་འཕྲེང
  • མཁས་གྲུབ་རིགས་པའི་གློག་ཕྲེང

ཕྱིའི་དྲྭ་སྦྲེལ།

SRC ID: P1067
TBRC ID: P3865

ལོ་དུས།

  • འཁྲུངས་ལོ།: 15th cent.

རྣམ་ཐར་བསྡུས་པ།

རྗེ་འདི་ནི། འཁྲུངས་འདས་ཀྱི་ལོ་ཚིགས་སོགས་མ་མཇལ་ཡང་། དུས་རབས་བཅོ་ལྔའི་ནང་བྱོན་པའི་གོང་དཀར་བའི་མཁས་གྲུབ་གྲགས་ཅན་ཞིག་ཡིན་ལ། རྗེ་འདིས་བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ་ཆེན་པོ་སོགས་ཀྱི་ཞབས་ལ་བསྟེན་ཏེ་མཁས་པའི་རྩེར་སོན། རྗེ་འདིའི་སྐུ་ཆེ་བའི་ཡོན་ཏན་ཀུན་མཁྱེན་རྡོ་རྗེ་གདན་པའི་རྣམ་ཐར་དུ། ལུང་རིགས་ཀྱིས་རྒོལ་བ་ངན་པ་ཚར་གཅོད་ཅིང་གསང་སྔགས་རྒྱ་མཚོའི་འཇིང་ནས་དབང་གི་ཆུ་བོ་རྒྱུན་མི་ཆད་པར་ཕབ་སྟེ་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པའི་བསྟན་འཛིན་ཆེན་པོར་གྱུར་པ་ཆོས་ཀྱི་རྗེ་རིག་པའི་གློག་འཕྲེང་། ཞེས་དམིགས་བསལ་གྱིས་ཆེ་བསྟོད་མཛད་ཡོད་པ་ལས། ཀུན་མཁྱེན་རྡོ་རྗེ་གདན་པ་ཆེན་པོའི་ཐུགས་སྲས་གཞན་ལས་བརྩི་མཐོང་ཆེ་བ་ཞིག་ཡིན་པར་མངོན་ཞིང་། རྗེ་འདིས་དཔལ་ལྡན་རྫོང་པ་གོང་དཀར་བའི་ཤིང་རྟའི་སྲོལ་འབྱེད་རྫོང་ཆེན་ཀུན་དགའ་རྣམ་རྒྱལ་དང་། བྲག་ཐོག་པ་བསོད་ནམས་བཟང་པོའི་ཞབས་ལས་ཟབ་ཆོས་དུ་མ་དང་། རྫོང་པའི་ལམ་འབྲས་ཆ་ལག་དང་བཅས་པ་ཡོངས་གསན་བསམ་མཐར་ཕྱིན་པར་མཛད་དེ། གང་གི་ཐུགས་སྲས་རྗེ་ཡངས་པ་ཅན་འཇམ་དབྱངས་བྱང་ཆུབ་དབང་རྒྱལ་སོགས་སུ་བསྩལ་སྟེ་དར་ཞིང་རྒྱས་པར་མཛད་པས་རྗེ་འདིའི་བླ་སློབ་གསུམ་ལ་རྒྱལ་ཚབ་དམ་པ་གསུམ་ཞེས་བསྔགས་པར་མཛད་ཡོད་པ་ནི། རྡོ་རྗེ་འཆང་དབང་ཀུན་དགའ་རྣམ་རྒྱལ་ཞབས༎དེ་ཡིས་བྱིན་བརླབས་རིགས་པའི་གློག་ཕྲེང་འཕྲོ༎ སྙན་བརྒྱུད་རྒྱ་མཚོ་བྱང་ཆུབ་དབང་གི་རྒྱལ༎རྒྱལ་ཚབ་དམ་པ་གསུམ་ལ་གསོལ་བ་འདེབས༎ ཞེས་གྲགས་ཤིང་། རྗེ་འདིའི་སློབ་མ་ནི། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། བླ་མ་མ་ཎི་བཛྲ་སོགས་ཡིན།་

རྫོང་ཆེན་ཀུན་དགའ་རྣམ་རྒྱལ་གྱི་རྣམ་ཐར་དང་། གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག་ནས་བཏུས།

p>. གོང་དཀར་དགའ་བས། [version: 2018-05-10]

པར་སྐྲུན།