རྫོང་པ་ཀུན་དགའ་རྒྱལ་མཚན།

མིང་གཞན།

  • ཆོས་རྗེ་ཀུན་དགའ་རྒྱལ་མཚན།
  • ཆོས་རྗེ་འཇམ་དབྱངས་གྲགས་པའི་དཔལ
  • རྫོང་པ་ཀུན་དགའ་རྒྱལ་མཚན
  • ཉི་ལྡེ་བ་ཀུན་དགའ་རྒྱལ་མཚན
  • མཁན་འཇམ་དབྱངས་གྲགས་པའི་དཔལ

ཕྱིའི་དྲྭ་སྦྲེལ།

SRC ID: P199
TBRC ID: P4512

ལོ་དུས།

  • འཁྲུངས་ལོ།: 1382
  • འདས་ལོ།: 1446
  • འདས་ལོ།: me pho 'brug gi lo/; 1436

རྣམ་ཐར་བསྡུས་པ།

ཆུ་ཁྱི། ཕྱི་ལོ་༡༣༨༢ ལོར་ཡབ་དབོན་པོ་ནོར་འཕེལ་དང་། ཡུམ་མ་ཅིག་རྡོ་རྗེ་འབུམ་གྱི་སྲས་སུ་ས་སྐྱར་མཐོང་སྨོན་བླ་བྲང་དུ་འཁྲུངས། བིར་ཝ་པ་རྣལ་མ་ཡིན་ཞེས་མཚན་དཔལ་ལྡན་ཆོས་སྐྱོང་དུ་གསོལ། སྐད་རིགས་དང་ཡིག་རིགས་སྣ་ཚོགས་མཁྱེན་པས། འཇམ་མགོན་ས་པཎ་དང་འདྲ་ཞེས། ཐེག་ཆེན་ཆོས་རྗེ་ལས་སྒྲ་གསན་པ་དང་། ཤར་པ་ཡེ་ཤེས་རྒྱལ་མཚན་ལས་དགེ་ཚུལ་ནོད་པའི་མཚན་ལ། ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ་བ་དང་། ཚད་མ་རིགས་གཏེར་ཞོགས་པ་གཅིག་ལ་ཐུགས་སུ་ཆུད་ཅིང་། ཚད་མ་ལ་མཁས་པས་ཐེག་ཆེན་ཆོས་རྗེས་འཇམ་དབྱངས་གྲགས་པའི་དཔལ་ཞེས་ཀྱང་གསོལ། མཁན་ཆེན་གཡག་སྟོན་གྱི་ཕར་ཕྱིན་ཊིཀ་ཆེན་པོའི་རྩོམ་ཡིག་པ་མཛད་དུས། ཊིཀ་ཆེན་བརྩམས་པ་དང༌། ཡི་གེར་བྲི་བ། ཐུགས་ལ་ཟིན་པ་གསུམ་དུས་མཉམ་དུ་བྱུང་ཞིང་ཕར་ཕྱིན་ལེགས་པར་མཁྱེན། ཐེག་ཆེན་ཆོས་རྗེའི་དྲུང་ནས་ལམ་འབྲས་སོགས་གསན་ཏེ་སྲས་ཀྱི་ཐུ་བོར་གྱུར། རྗེ་བཙུན་གོང་མ་ལྔ་ཞལ་གཟིགས་ཏེ། རྒྱལ་བའི་མདུན་ན་རྒྱལ་སྲས་སྦྱིན་པ་དཔལ། །ཞེས་སོགས་ཀྱིས་བསྟོད་པར་མཛད་ཅིང་། ལམ་འབྲས་བླ་བརྒྱུད་ཀྱང་ཕལ་ཆེ་བ་ཞལ་གཟིགས་བྱུང་། གཞན་ཡང་བོ་དོང་ཀུན་དགའ་བཟང་པོ། ལོ་ཙྰ་བ་གྲགས་པ་རྒྱལ་མཚན་སོགས་བསྟེན་ཏེ་བོད་དུ་དར་བའི་ཆོས་ཚུལ་ཕལ་ཆེ་བ་མཐར་ཕྱིན་པར་མཛད། མདོར་ན་སྤྱིར་མདོ་རྒྱུད་མན་ངག་གི་བདག་པོ་དང་། ཁྱད་པར་ས་སྐྱ་པའི་བཀའ་སྲོལ་ལ་འདི་ལས་མཁས་པ་མ་བྱུང་ཞིང་། དེ་ཡང་ས་སྐྱ་ཙམ་མིན་པར། ཆོས་རྗེ་ཁུ་དབོན་ལྟར་བོད་ཀྱི་བཀའ་སྲོལ་ཕལ་ཆེ་བ་མཁས་པར་མཛད། རྗེ་འདིའི་ཞལ་ནས། ང་ལམ་འབྲས་མཁས་པ་ཡིན། ནི་གུ་བ་རྒོད་པོ་ཡིན། སྦྱོར་དྲུག་པ་ཉམས་མྱོང་ཅན་ཡིན་ཞེས་གསུངས༎་ དགུང་ལོ་བཅུ་གསུམ་ནས་གདན་ས་ཆེན་པོར་གྲྭ་སྐོར་དང་། བཅུ་བདུན་ལ་ས་སྐྱར་རྒྱུད་གསུམ་ཐུགས་བཤད། ངམ་རིངས་ཆོས་སྡེར་ལམ་འབྲས་ཐེངས་མང་གནང་བ་ནས། སེ་མཁར་ཆུང་། འདར་ཆོས་སྡིངས་ལ་སོགས་པར་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་གདན་ས་དེ་དག་བསྐྱངས་པར་མཛད། གཞན་ཡང་རྗེ་བཟོ་རིག་པ་མཁས་པས། ངམ་རིངས་སུ་བིར་ཝ་པའི་ལྡེ་སྐུ་དང་བྲིས་མ་ངོ་མཚར་ཆེ་བ་དང་། ཀྱེ་རྡོར། གནས་བརྟན་བཅུ་དྲུག མགོན་ཁང་གི་ལོགས་བྲིས། ཀྱེ་རྡོར། གནས་བརྟན་བཅུ་དྲུག་སོགས་མང་། སློབ་མ་ལ། ཆོས་རྗེ་ཨཱ་ནན་ཏ་པ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག ། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་། ཆོས་སྡིངས་མཁན་པོ་བློ་གྲོས་རྒྱལ་མཚན། ངམ་རིངས་ཀྱི་སེངྒེ་དཔལ་རིན་ཆེན་སོགས་ཤིན་ཏུ་མང། གསུང་རྩོམ་ཡང་། ས་སྐྱའི་ནང་སཾཔུཊའི་འགྲེལ་པ་རྒྱས་ཤོས་རྗེ་འདིའི་ཊིཀ་ཆེན་དེ་ལ་སོགས་མང་དུ་མཛད། མཐར་དགུང་ལོ་ང་ལྔ་པ་མེ་འབྲུག་ ༡༤༣༦ བོད་ཟླ་༨ ཚེས་༢༨ ཉིན་སྐུ་གཤེགས། །

p>. གོང་དཀར་དགའ་བས། [version: 2018-05-10]

གསུང་རབ།

ཀྱེ་རྡོ་རྗེ་མཚོ་སྐྱེས་ལུགས་ཀྱི་སྒྲུབ་ཐབས་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 546-563

ཀྱེ་རྡོ་རྗེ་མཚོན་ཆ་ཅན་གྱི་བདག་ཉིད་འཇུག་པའི་ཆོ་ག་བཞུགས་པ་དགེ (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 06, pp. 355-378

ཀྱེ་རྡོ་རྗེ་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་མངོན་རྟོགས་ཡིད་བཞིན་ནོར་བུ་བཞུགས། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 06, pp. 316-354

ཀྱེ་རྡོ་རྗེའི་འགྲེལ་པ་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱ་ཆེར་བཀྲལ་བ་དཔག་བསམ་ལྗོན་ཤིང་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 06, pp. 23-163

ཀྱེ་རྡོར་ཌོཾ་བྷི་ལུགས་ཀྱི་མངོན་རྟོགས་རིན་ཆེན་འབར་བ་བཞུགས། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 522-545

ཀྱེ་རྡོར་ནག་པོ་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་དང་། དེའི་ཟུར་འདེབས་བཞུགས། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 06, pp. 297-315

ཀྱེ་རྡོར་མན་ངག་ལུགས་ཀྱི་ཕྱག་ལེན་འཁྲུལ་འཇོམས་སྙིང་པོ་བསྡུ་བ་བཞུགས། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 06, pp. 1-22

བཀའ་བཅུ་པ་དགེ་ལེགས་དཔལ་བའི་དྲི་ལན་བཞུགས། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 143-155

སྐུ་གཟུགས་ཀྱི་ཕྱག་ཚད། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 79-83

མཁན་ཆེན་སངས་རྒྱས་འཕེལ་བའི་དྲི་ལན་བཞུགས། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 111-116

རྒྱལ་མཚན་བཟང་པོའི་དྲིས་ལན། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 139-142

རྒྱུད་ཀྱི་རྒྱལ་པོ་དཔལ་སཾ་པུ་ཊའི་བཤད་སྦྱར་གཞུང་དོན་མ་ལུས་པ་གསལ་བར་བྱེད་པ་རིན་ཆེན་འབར་བ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།, ལི་ཐང་ཚུལ་ཁྲིམས་དཔལ་ལྡན།

Dehradun, Uttarakhand: Tsultrim Palden, 2017; 622 pp.

མངའ་རིས་པ་བློ་གྲོས་མཚུངས་མེད་ཀྱི་དྲིས་ལན་བྱོན། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 117-138

ཆོས་ཀྱི་རྗེ་རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་པའི་དྲུང་གི་དཔལ་ཀྱེ་རྡོ་རྗེའི་སྨིན་བྱེད་ཀྱི་དབང་གི་ཐོ་ཡིག་གི་གསུང་སྒྲོས་བཞུགས། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 243-253

ཆོས་རྗེ་ཀུན་རྒྱལ་པས་མཛད་པའི་ཀྱེ་རྡོར་མན་ངག་ལུགས་ཚུལ་བཞིར་གྲགས་པ་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 06, pp. 164-228

[ཆོས་རྗེ་ཡེ་ཤེས་རྒྱལ་མཚན་གྱི་དུས་འཁོར་དགག་ལན་ལ་བསྔགས་པའི་ཚིག་གོ] (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, p. 69

རྗེ་བཙུན་གོང་མའི་དུས་མཆོད་ངོས་བཟུང་བ་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 74-76

ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་བསྟོད་པ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 20-23

ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་རྒྱས་པ། (དཔེ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

ff. 1a-18b

ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་རྒྱས་པ་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 29-63

ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་རྒྱ་མཚོའི་གཏེར། (དཔེ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

ff. 17a-19b

ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་རྒྱ་མཚོའི་གཏེར་ཞེས་བྱ་བ་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 24-28

གདམས་པ་དང་ཞུས་ལན་གྱི་སྐོར་བཞུགས། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 84-110

བརྡ་སྤྲོད་པའི་ལོ་རྒྱུས། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 64-68

ནག་པོ་ཆེན་པོའི་གཏོར་མདོས་ཀྱི་བསྐང་གསོ་འཇམ་དབྱངས་གྲགས་པས་མཟདད་པ་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 207-218

ནག་པོ་ཆེན་པོའི་བྱིན་རླབས་ཀྱི་ཆོ་ག་མཐོང་བ་དོན་གསལ་ཞེས་བྱ་བ་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 165-176

རྣལ་འབྱོར་དབང་ཕྱུག་བིརྺ་པ་དང་། རྗེ་བཙུན་གོང་མ་ལྔ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཐེག་ཆེན་ཆོས་རྒྱལ། བྲག་ཐོག་ཆོས་རྗེ་སོགས་ཀྱི་བསྟོད་པ་ངོ་མཚར་ཕྲེང་བ། (དཔེ་གཟུགས།)

ས་ཆེན་ཀུན་དགའ་སྙིང་པོ།, སློབ་དཔོན་བསོད་ནམས་རྩེ་མོ།, ...

ff. 1a-23a

དཔལ་ཀྱེ་རྡོ་རྗེ་ནག་པོ་ལུགས་ཀྱི་མངོན་རྟོགས་བཞུགས། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 06, pp. 280-296

དཔལ་ཀྱེ་རྡོ་རྗེའི་མངོན་རྟོགས་ཀྱི་གསལ་བྱེད་བཤད་པ་རིན་ཆེན་ཕྲེང་བ་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 06, pp. 267-279

དཔལ་ཀྱེ་རྡོ་རྗེའི་མངོན་པར་རྟོགས་པ་མན་ངག་གི་གཏེར་མཛོད་གསལ་བར་བྱེད་པའི་དཀའ་འགྲེལ་རྒྱུད་དོན་གནད་ཀྱི་ལྡེ་མིག་ཅེས་བྱ་མ་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 254-423

དཔལ་ཀྱེ་རྡོ་རྗེའི་རིགས་བསྡུས་པ་མཁའ་འགྲོ་ལྔའི་མངོན་པར་རྟོགས་པ་རྡོ་རྗེ་གུར་རྣམ་པར་རོལ་པ་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 06, pp. 229-266

དཔལ་ཀྱེའི་རྡོ་རྗེའི་ཕྱག་ལེན་འཁྲུལ་འཇོམས་རྡོ་རྗེའི་ཕྲེང་བ་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 424-521

དཔལ་ཀྱེའི་རྡོར་དལ་དུ་དབང་གི་ཆུ་བོ་མ་ནུབ་པར་བསྐུར་བའི་ཞལ་གདམས་གནད་ཀྱི་གསལ་བྱེད། དཀའ་འགྲེལ་བདུད་རྩིའི་བུམ་པ། (དཔེ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

ff. 1a-54a

དཔལ་རྒྱུད་ཀྱི་རྒྱལ་པོ་སཾ་པུ་ཊིའི་བཤད་སྦྱར་གཞུང་དོན་མ་ལུས་པ་གསལ་བར་བྱེད་པའི་རིན་ཆེན་འབར་བ་ཞེས་བྱ་བ་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 07, p. 1 – vol. 08, p. 391

དཔལ་རྒྱུད་ཀྱི་རྒྱལ་པོ་སཾ་བུཊིའི་བཤད་སྦྱར་གཞུང་དོན་མ་ལུས་པ་གསལ་བར་བྱེད་པ་རིན་ཆེན་འབར་བ། (དཔེ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

[Kathmandu]: Sachen International (sa skya rgyal yongs gsung rab slob gnyer khang /), 2007; vol. 04|nga, pp. 1-910

དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྷ་བཅུ་གཉིས་མའི་སྒྲུབ་དཀྱིལ་ལྷན་ཅིག་ཏུ་བཀོད་པ་མགོན་པོ་རྣམ་རོལ་གསལ་བའི་ནོར་བུ་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 240-242

དཔལ་རྡོ་རྗེ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་མགོན་པོ་རྣམ་པར་རོལ་པ་ཞེས་བྱ་བ་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 219-239

དཔལ་རྡོ་རྗེ་ནག་པོ་ཆེན་པོའི་མངོན་པར་རྟོགས་པ་བདུད་ལས་རྣམ་པར་རྒྱལ་བ་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 177-206

སྤྱིར་རྡོ་རྗེ་དབྱིངས་ལ་རྣལ་འབྱོར་གྱི་རྒྱུད་དུ་གསུངས་པ་དང་། བླ་མེད་རྒྱུད་དུ་གསུངས་པ་གཉིས་ལས། འདིར་ཐ་མའོ། དཔལ་སཾ་བྷུ་ཊི་ལས་འབྱུང་བ། རྡོ་རྗེ་དབྱིངས་ལྷ་སོ་བདུན་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་མངོན་པར་རྟོགས་པ་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 06, pp. 567-598

བིཪྺ་པ་ལ་བསྟོད་པའི་རབ་ཏུ་བྱེད་པ་བཞུགས། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 17-19

བླ་མ་ཁོ་ན་ལ་སྐྱབས་འགྲོ་སོགས་བཞུགས། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 4-16

བླ་མ་ལ་ཐུན་མོང་མ་ཡིན་པའི་གསོལ་བཏབ་མདོར་བསྡུས་བཞུགས། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 1-3

དབང་ཆུ་དཀའ་འགྲེལ་བདུད་རྩི་བུམ་པ་བཞུགས། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 06, pp. 379-483

རྫོང་པའི་ཤེར་ཕྱིན་འགྲེལ་པ་བཞུགས༎ (དཔེ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

2 vols.

ཡིག་རིགས་དྲུག་ཅུ་རྩ་བཞིའི་ཞལ་གྲངས། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 77-78

ལམ་དུས་ཀྱི་ཁོག་འབུགས་དང་། མངོན་རྟོགས་ཀྱི་ཁོག་འབུགས་གཉིས་ཆོས་རྗེ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་མཛད་པ། (དཔེ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

ff. 1a-11b

ལམ་དུས་ཀྱི་ཁོག་འབུགས་དང་། མངོན་རྟོགས་ཀྱི་ཁོག་འབུགས་གཉིས་ཆོས་རྗེ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་མཛད་པ་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 06, pp. 554-566

ལམ་དུས་ཀྱི་དབང་རྒྱས་པའི་ཕྱག་ལེན་ངག་འདོན་དུ་གོ་བདེར་བཀྲལ་བ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 06, pp. 537-553

ལམ་འབྲས་ཀྱི་ལམ་དུས་བསྒོམ་དོན་མདོར་བསྡུས་པ། (དཔེ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

ff. 1a-2b

སངས་རྒྱས་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་པའི་རྣམ་གཞག་མདོར་བསྡུས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 70-73

སངས་རྒྱས་སྨན་བླའི་རྗེས་གནང་གི་ཡི་གེ་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 05, pp. 156-164

གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཞལ་གདམས་གགས་སེལ་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ། (དེབ་གཟུགས།)

རྫོང་པ་ཀུན་དགའ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 06, pp. 484-536

པར་སྐྲུན།