བྲག་ཐོག་པ་བསོད་ནམས་བཟང་པོ།

མིང་གཞན།

  • སྔགས་འཆང་བྲག་ཐོག་་ཆོས་རྗེ་བསོད་ནམས་བཟང་པོ
  • བྲག་ཐོག་པ་བསོད་ནམས་བཟང་པོ
  • མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་ལྡན་བྲག་ཐོག་པ་བསོད་ནམས་བཟང་པོ
  • དཔལ་མཐུ་སྟོབས་ཀྱི་དབང་ཕྱུག་བསོད་ནམས་བཟང་པོ
  • མཐུ་སྟོབས་ཀྱི་དབང་ཕྱུག་བསོད་ནམས་བཟང་པོའི་ཞལ་སྔ་ནས

ཕྱིའི་དྲྭ་སྦྲེལ།

SRC ID: P30
TBRC ID: P3182

ལོ་དུས།

  • འཁྲུངས་ལོ།: late 14th cent. ?
  • འདས་ལོ།: 1460/70s?

རྣམ་ཐར་བསྡུས་པ།

རྗེ་འདི་ནི། དུས་རབས་བཅོ་ལྔ་པའི་རབ་བྱུང་བདུན་པའི་ནང་དུ་བྱོན་མོད། ད་ལྟའི་ཆར་རྣམ་ཐར་རྒྱས་པ་མ་རྙེད། འོན་ཀྱང་རྗེ་འདིས་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་དང་། གཟད་པ་རིན་ཆེན་རྒྱལ་མཚན། རྡོ་རྗེ་འཛིན་པ་དཔལ་ལྡན་བློ་གྲོས། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། མཁན་ཆེན་ནམ་མཁའ་ལྷུན་བཟང་སོགས་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་བསྟེན་ནས་མཁས་པར་གྱུར་ལ། རྗེ་འདི་མཁྱེན་རབ་ཀྱི་རྩལ་ལྡན་ལ་སྦྱངས་པ་ཆེ་བས་མདོ་སྔགས་ཀྱི་ཆོས་ལ་མཁས་ཤིང་གྲུབ་པ་བརྙེས་པ་དང་། མཁས་བཙུན་བཟང་གསུམ་པོའི་སྙན་པ་འཇིག་རྟེན་ཀུན་ཁྱབ་པས། ཤར་ཕྱོགས་གོང་མ་ཆེན་པོས་དབུ་བླའི་མཆོད་གནས་སུ་གདན་དྲངས། ཕྱིས་བོད་དུ་བྱོན་ནས་ཀྱང་གོང་མ་ཆེན་པོས་འབུལ་ཆེན་གསེར་ཡིག་འཇའ་ས་གསུམ་ཙམ་གནང་བའི་ལོ་རྒྱུས་ཡོད་ལ། རྗེ་འདིས་ཐོག་མར་དཔལ་ཆེན་ཆུ་བོ་རིའི་ཕུག་པ་གོང་དུ་སྒྲུབ་པ་མཛད་ཅིང་། ཕྱིས་སུ་གང་གི་གདན་ས་བྲག་ཐོག་གཙུག་ལག་ཁང་ཕྱག་བཏབ། ནག་པོ་ཆེན་པོ་བྲན་དུ་བཀོལ་བས་ལས་བཞིའི་འཕྲིན་ལས་ཐོགས་མེད་དུ་བསྒྲུབས། ཐེག་ཆེན་ཆོས་རྗེ་ལས་གསན་པའི་ལམ་འབྲས་ཆ་ལག་དང་བཅས་པའི་རྡོ་རྗེ་ཐེག་པའི་ཆོས་སྐོར་ཡོངས་རྫོགས་གསན་པས་སྲས་ཀྱི་ཐུ་བོར་གྱུར་པ་དང་། མཁན་ཆེན་སེང་གེ་དཔལ་བཟང་པོ་ལས་ས་སྐྱ་བཀའ་འབུམ་སོགས་ཀྱི་ཆོས་མཐའ་ཡས་པ་གསན་བཞེས་གནང་སྟེ་ཆོས་ཀྱི་རྒྱལ་པོའི་སྐུར་བཞེངས་ཤིང་། དེ་དག་ཐམས་ཅད་ཀྱང་གང་གི་ཐུགས་སྲས་རྫོང་ཆེན་ཀུན་དགའ་རྣམ་རྒྱལ་ལམ། ཀུན་མཁྱེན་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དགུང་ལོ་ཉི་ཤུ་པ། ཕྱི་ལོ་༡༤༣༢ ལོར། ཡོངས་རྫོགས་དགེ་བསྙེན་དང་། བར་མ་རབ་བྱུང་གི་སྡོམ་པ་ནས་བསྩལ་བ་མ་ཟད། རྫོང་ཆེན་ཀུན་དགའ་རྣམ་རྒྱལ་དང་། སྐུ་ཡི་དབོན་པོ་བྲག་ཐོག་དཔལ་འཛིན་བཟང་པོ་སོགས་ཀྱི་གདུལ་བྱ་རྣམས་ལ་དབང་ལུང་མན་ངག་སྤྱི་དང་། ཁྱད་པར་དཔལ་ས་སྐྱ་པའི་ཟབ་ཆོས་གསུང་ངག་ལམ་འབྲས་ཀྱི་ཆོས་སྐོར་མ་ཚང་བ་མེད་པར་བསྩལ་ནས་མདོ་སྔགས་ཀྱི་བསྟན་པ་ཤིན་ཏུ་དར་ཞིང་རྒྱས་པར་མཛད།་ སྐུ་ན་ཤིན་ཏུ་སྨིན་པོར་བཞུགས་པས་གོང་དཀར་རྡོ་རྗེ་གདན་གྱི་རབ་གནས་དཔལ་ཆེན་ཆུ་བོ་རིའི་སྟེང་ནས་རབ་གནས་མཛད་པའི་ཕྱག་གནས་གོང་དཀར་རྡོ་རྗེ་གདན་གྱི་ཆོས་གྲྭར་དངོས་སུ་བབས་པ་སོགས་ངོ་མཚར་ཆེ་བའི་རྣམ་ཐར་དུ་མ་བསྐྱངས་ཡོད་ལ། གང་གི་སློབ་མ་ལ། རྫོང་ཆེན་ཀུན་དགའ་རྣམ་རྒྱལ། དབོན་པོ་བྲག་ཐོག་པ་དཔལ་འཛིན་བཟང་པོ་སོགས་མང་དུ་བྱོན། གསུང་རྩོམ་ནི། ཆོས་རྗེ་བྲག་ཐོག་པའི་གསན་ཡིག་དང་། མགོན་པོའི་བསྟོད་པ་འཇིགས་བྱེད་རྔམས་ནག་མ། ཀྱེ་རྡོར་དཀྱིལ་ཆོག་སོགས་མཛད་གནང་ཡོད།

རྫོང་ཆེན་ཀུན་དགའ་རྣམ་རྒྱལ་གྱི་གསན་ཡིག་དང་། རྣམ་ཐར། དཔལ་ཆེན་ཆུ་བོ་རིའི་གནས་ཡིག་སོགས་ལས་བཏུས།

p>. གོང་དཀར་དགའ་བས། [version: 2018-05-10]

གསུང་རབ།

ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་པའི་ཆོ་གའི་ངག་འདོན་རབ་གསལ་བཞུགས (དཔེ་གཟུགས།)

བྲག་ཐོག་པ་བསོད་ནམས་བཟང་པོ།

ff. 1a-16a

འཇིགས་བྱེད་ཌཾ་ནག་ཞལ་བཞི་པའི་བསོལ་བསྟོད། (ཁུངས་ཙམ།)

བྲག་ཐོག་པ་བསོད་ནམས་བཟང་པོ།

བསྟོད་པ་འཇིགས་བྱེད་རྔམས་ནག་མ། (ཁུངས་ཙམ།)

བྲག་ཐོག་པ་བསོད་ནམས་བཟང་པོ།

དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་པའི་ཆོ་ག་ངག་འདོན་རབ་ཏུ་གསལ་བ། (དཔེ་གཟུགས།)

བྲག་ཐོག་པ་བསོད་ནམས་བཟང་པོ། ལ་སོགས།

ff. 1a-62a

དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་པའི་ཆོ་ག་ངག་འདོན་རབ་གསལ་ཅེས་བཞུགས་སོ། (དེབ་གཟུགས།)

བྲག་ཐོག་པ་བསོད་ནམས་བཟང་པོ།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 23, pp. 230-275

དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བླང་བའི་རིམ་པ་ངག་འདོན་རབ་གསལ། (དཔེ་གཟུགས།)

བྲག་ཐོག་པ་བསོད་ནམས་བཟང་པོ།

[gong dkar/]: rdzong pa'i dpe rnying 'tshol bsdu khang /, 2016; pp. 255-350

དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བླང་བའི་རིམ་པ་ངག་འདོན་རབ་གསལ། (དཔེ་གཟུགས།)

བྲག་ཐོག་པ་བསོད་ནམས་བཟང་པོ།

ff. 1a-33a

དཔལ་ཀྱེ་རྡོ་རྗེའི་མངོན་པར་རྟོགས་པ་ལག་ཏུ་བླང་བའི་རིམ་པ་རྒྱུད་འགྲེལ་གྱི་ལུང་དང་སྦྱར་བ་བཞུགས་སོ། (དེབ་གཟུགས།)

བྲག་ཐོག་པ་བསོད་ནམས་བཟང་པོ།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 23, pp. 110-229

དཔལ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་པའི་ཆོ་ག་ངག་འདོན་རབ་གསལ་ཅེས་བྱ་བ་བཞུགསྷོ།། (དཔེ་གཟུགས།)

བྲག་ཐོག་པ་བསོད་ནམས་བཟང་པོ།

ff. 1a-21a

དཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་དུ་དབང་བླང་བའི་ཆོ་ག །དབང་གི་རྒྱལ་པོའི་ངག་འདོན་སྙིང་པོ་ཞེས་བྱ་བ་བཞུགས་སོ། (དེབ་གཟུགས།)

བྲག་ཐོག་པ་བསོད་ནམས་བཟང་པོ།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 23, pp. 26-63

དཔལ་མཁའ་འགྲོ་རྒྱ་མཚོའི་སྒྲུབ་ཐབས་རིན་པོ་ཆེ་པདྨ་རཱ་གའི་གཏེར་ཞེས་བྱ་བའི་ངག་འདོན་སྙིང་པོ་བཞུགས། (དེབ་གཟུགས།)

བྲག་ཐོག་པ་བསོད་ནམས་བཟང་པོ།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 23, pp. 64-109

དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་དབང་བླང་བའི་ཆོ་ག་ངག་འདོན་སྙིང་པོ་ཞེས་བྱ་བ་བཞུགས་པའི་དབུ་ཕྱོགས། (དེབ་གཟུགས།)

བྲག་ཐོག་པ་བསོད་ནམས་བཟང་པོ།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 23, pp. 1-24

བྲག་ཐོག་པ་བསོད་ནམས་བཟང་པོའི་བཀའ་འབུམ། [པར་རྙིང་།] (ཁུངས་ཙམ།)

བྲག་ཐོག་པ་བསོད་ནམས་བཟང་པོ།

[ཧཱུྃ འཇིགས་བྱེད་རྔམ་ནག་ཞལ་བཞི་པ་ཅེས་པ།] (དེབ་གཟུགས།)

བྲག་ཐོག་པ་བསོད་ནམས་བཟང་པོ།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 23, p. 25

པར་སྐྲུན།