SRC ID: P506
TBRC ID: P1GS105194
མཚན་གཞན། ཟུར་འཆད་པ་འཕྲིན་ལས་རྣམ་རྒྱལ། དགེ་སློང་འཕྲིན་ལས་རྣམ་རྒྱལ། དཔྱོད་ལྡན་འཕྲིན་ལས་རྣམ་རྒྱལ། རྗེ་འདི་ནི། ཤིང་གླང་། ཕྱི་ལོ་ ༡༦༢༥ ལོར་འཁྲུངས་ཤིང་། དགུང་ལོ་དྲུག་ནས་བོད་ཀྱི་ཡི་གེ་གཟབ་བཤུར་དང་། ལཉྫ། ཝརྟུ། འབྲུ་མ། གོང་དཀར་ཡིག་གསར་སོགས་ལ་མཁས་པར་བསླབས། རང་ལོ་བཅུ་པར། ཡར་འབྲོག་ཏུ་དཔལ་གསེར་གླིང་པ་བྱམས་པ་ཤཱཀྱ་རྡོ་རྗེ་ལས་རབ་བྱུང་དང་། ཡར་རྒྱབ་པའི་དཔོན་བླ་ཆེན་ཀུན་དགའ་བསོད་ནམས་ལས་དགེ་ཚུལ་ཞུས། བློ་གྲོས་ནོར་བུ་ལས་ཞྭ་ལུ་ལོ་ཆེན་གྱི་སུམ་རྟགས་འགྲེལ་པའི་ཐོག་ནས་བོད་ཀྱི་བརྡ་སྤྲོད་དང་། གོང་དཀར་རྡོ་རྗེ་འཆང་ཉི་མ་གླིང་པ་ལས། སྐར་རྩིས་དང་། སྒྲ་མཚམས་སྦྱོར་ལྔ་པ་རྗེ་ཉིད་ཀྱིས་མཛད་པའི་སྟེང་ནས་གསན། གཞན་ཡང་། གསོ་བ་རིག་པའི་རྩ་རྒྱུད། སྙན་ངག་མེ་ལོང་མ་སོགས་མཁས་པར་སྦྱངས།་ རང་ལོ་ཉེར་གཉིས་པར། གོང་དཀར་རྡོ་རྗེ་འཆང་ཉི་མ་གླིང་པ་དང་། ལས་ཀྱི་སློབ་དཔོན་པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས་སོགས་ལས་བསྙེན་པར་རྫོགས། གཞན་ཡང་རྡོ་རྗེ་འཆང་ཕུན་ཚོགས་ཆོས་འཕེལ། རྗེ་ཉི་མ་གླིང་པ། མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་བྱམས་པ་དགེ་བའི་དབང་པོ་སོགས་ཀྱི་དྲུང་ནས། མདོ་སྔགས་ཀྱི་ཆོས་ཚུལ་སྤྱི་དང་། རྫོང་ལུགས་ལམ་འབྲས་ཆོས་སྐོར་ཡོངས་རྫོགས་ལན་གསུམ་བཞི་གསན་ཅིང་། གཞན་ཡང་ས་ཆེན་ངག་དབང་ཀུན་དགའ་བསོད་ནམས་དང་། གསེར་གླིང་པ་བྱམས་པ་ཤཱཀྱ་རྡོ་རྗེ། མགོན་པོ་བསོད་ནམས་མཆོག་གྲུབ་དང་། རྒྱལ་མཆོག་ལྔ་པ་ཆེན་པོ་སོགས་ལས་བོད་དུ་བཞུགས་པའི་ཆོས་སྐོར་ཕལ་ཆེ་བ་གསན་བསམ་མཛད། དགུང་ལོ་ཉེར་བརྒྱད་པ། ཆུ་འབྲུག ཕྱི་ལོ་ ༡༦༥༢ ལོར། ཀུན་མཁྱེན་རྡོ་རྗེ་གདན་པ་ཆེན་པོའི་བཀའ་འགྱུར་ལུང་རྒྱུན། མཁས་གྲུབ་བློ་མཆོག་རྡོ་རྗེ་ལས་འབད་པ་ཆེན་པོས་ཞུས། གོང་དཀར་རྡོ་རྗེ་གདན་དུ་མགོན་པོ་བསོད་ནམས་མཆོག་ལྡན་གྱིས་བཀའ་འགྱུར་ལྗགས་ལུང་གནང་སྐབས། རྗེ་འདིས་ས་སྐྱོང་བསོད་ནམས་རབ་བརྟན་ལ་གཡར་པོ་ཞུས་པའི་བཀའ་འགྱུར་མཚལ་པར་མ་དང་། གདན་ས་ཉིད་ཀྱི་བཀའ་འགྱུར་གཉིས་ལ་ཞུས་ཆེན་མཛད་ཅིང་། རྒྱལ་བ་ལྔ་པ་ཆེན་པོས་མགོན་པོ་བསོད་ནམས་མཆོག་ལྡན་གྱི་རྣམ་ཐར་མཛད་དུས་ཀྱི་བཀའ་འདྲི་གནང་ས་གཙོ་བོ་ཡང་ཡིན། རྗེ་འདིས། རྔ་འགྲོས་སོགས་ཐུན་མོང་དང་། གུར་རིགས་བསྡུས་དང་དུས་འཁོར་སོགས་ཀྱི་ས་ཆོག་གི་གར། ལམ་འབྲས་སོགས་ཀྱི་ལུས་སྦྱོང་འཁྲུལ་འཁོར། ཕུར་པའི་རྩ་འཆམས་སོགས། ད་དུང་ཆོས་སྐྱོང་གུར་ཞལ་པུ་ཏྲ་སོགས་ཀྱི་བསྐང་མདོས་ཀྱི་དབྱངས་ཆེན་དྲུག་ཅུ་རྩ་གཉིས། ཕུར་པའི་དབྱངས་སོགས་རྫོང་ལུགས་ཀྱི་ཕྱག་བཞེད་ཕྲ་མོ་ཙམ་ལ་ཡང་བསན་སྦྱོང་མཐར་ཕྱིན་པར་མཛད། གསུང་རྩོམ་ལ།《ཐོབ་ཡིག་བུམ་པ་བཟང་པོ།》དང་། དེའི་ནང་དུ་ལམ་འབྲས་བླ་མ་བརྒྱུད་པའི་གསོལ་འདེབས་ལྟ་བུ་གསུང་ཐོར་བུ་འགའ་ད་ལྟ་མཇལ་རྒྱུ་ཡོད། །
གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག་ཐོབ་ཡིག་བུམ་པ་བཟང་པོ། ཤོག་གྲངས་ ༧ སོགས་སུ་གསལ། དེབ་གཟུགས། རྒྱལ་ཡོངས་ས་ཆེན་པར་མ།
p>. གོང་དཀར་དགའ་བས། [version: 2018-05-10]
གོང་དཀར་འཕྲིན་ལས་རྣམ་རྒྱལ།, གུ་རུ་བླ་མ། (ed.)
[Kathmandu]: Sachen International (rgyal yongs sa chen dpe skrun khang /), 2008; 415 pp.
གོང་དཀར་འཕྲིན་ལས་རྣམ་རྒྱལ།
ff. 1a-244b
གོང་དཀར་འཕྲིན་ལས་རྣམ་རྒྱལ།
lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 29, pp. 89-474
གོང་དཀར་འཕྲིན་ལས་རྣམ་རྒྱལ།
ff. 1a-9a
གོང་དཀར་འཕྲིན་ལས་རྣམ་རྒྱལ།
lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 29, pp. 486-495
གོང་དཀར་འཕྲིན་ལས་རྣམ་རྒྱལ།
lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 29, pp. 475-485