SRC ID: P858
TBRC ID: P2604
མཚན་རྒྱས་པར། གོང་དཀར་རྡོ་རྗེ་འཆང་ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། རྗེ་འདི་ནི་རབ་བྱུང་བཅུ་པའི་སྨད་ཙམ་དུ་བྱོན་མོད། རྣམ་ཐར་རྒྱས་པ་མ་རྙེད། འོན་ཀྱང་རྗེ་འདིས། གོང་དཀར་རྡོ་རྗེ་གདན་གྱི་བླ་ཆེན་ཡེ་ཤེས་དབང་པོ་དང་། བླ་མ་ལྷ་དབང་ཕྲིན་ལས། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན། མགོན་པོ་བསོད་ནམས་མཆོག་ལྡན་སོགས་ཀྱི་ཞབས་ལ་བསྟེན་ཏེ་མཁས་པར་གྱུར། ལྷག་པར་དུ་རྗེ་འདིས། རྗེ་ལྷ་དབང་བློ་གྲོས་དང་། བླ་ཆེན་ཡེ་ཤེས་དབང་པོ་ལས་དཔལ་ལྡན་རྫོང་པའི་ལམ་འབྲས་ཀྱི་ཆོས་སྐོར་མ་ལུས་པ་གསན་བཞེས་ཀྱིས། ས་ཡོས་ ༡༦༣༩ ལོར། རྗེ་འདིས་མགོན་པོ་བསོད་ནམས་མཆོག་ལྡན་དང་། ཤིང་ལུག་ ༡༦༥༥ ལོར། ཞྭ་ལུ་རིན་ཆེན་བསོད་ནམས་མཆོག་གྲུབ་རྣམ་གཉིས་དབུས་པའི་གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་སོགས་ལ་རྫོང་ལུགས་ལམ་འབྲས་ཀྱི་ཆོས་སྐོར་ཆ་ལག་དང་བཅས་པ་བསྩལ་ཏེ་དར་སྤེལ་མཛད་པས། རྒྱལ་བ་ལྔ་པ་ཆེན་པོས། མཐུ་སྟོན་འཇིགས་མེད་དཔའ་བོའི་རིང་ལུགས་འཛིན་པ་ལ་འགྲན་ཟླ་མེད་པ་མཁས་བཙུན་གྲུབ་པའི་དབང་ཕྱུག་ཆེན་པོ་བླ་ཆེན་ཚུལ་ཁྲིམས་བཀྲ་ཤིས་ཞེས་བསྔགས་པར་མཛད། མགོན་པོ་བསོད་ནམས་མཆོག་ལྡན་སྔར་ངོར་དགོན་པ་ནས་བསྙེན་རྫོགས་ཞུས་ཟིན་ཡང། རྗེ་འདིའི་དྲུང་ནས་ས་པཎ་སྡོམ་རྒྱུན་ལས་སླར་བསྙེན་རྫོགས་མཛད་པ་དང་། རྗེ་འདིའི་བཀའ་དགོངས་ལྟར་གོང་དཀར་རྡོ་རྗེ་གདན་དུ་མགོན་པོ་བསོད་ནམས་མཆོག་ལྡན་གྱིས་བཀའ་འགྱུར་གྱི་ལྗགས་ལུང་བསྩལ་བའི་ཚེ་རྗེ་འདི་སྐུ་ན་མཐོན་པོར་བཞུགས་ཡོད། ས་བྱི་ལོ། ཕྱི་ལོ་༡༦༤༨ ལོར། མགོན་པོ་བསོད་ནམས་མཆོག་གྲུབ་ཀྱིས་ཀྱང་རྗེ་འདིའི་ཞབས་ལ་གཏུགས་ཤིང་རྗེ་བླ་མ་རྣམ་གཉིས་དད་དམ་གཡོ་མེད་ཀྱིས་བཀའ་ཆོས་ཕན་ཚུན་འབུལ་བཞེས་མཛད་པ་དང་བརྟན་བཞུགས་འབུལ་རེས་ཀྱི་མཛད་པ་ཡང་བསྐྱངས་ཡོད། མཐར་ས་ཁྱི། ཕྱི་ལོ་ ༡༦༥༨ ལོར། གོང་དཀར་རྡོ་རྗེ་གྱི་རང་གི་གཟིམ་ཤག་ཉི་མ་གླིང་དུ་སྐུ་ཞི་བར་གཤེགས།་ མགོན་པོ་བསོད་ནམས་མཆོག་གྲུབ་ཀྱིས་རྒྱལ་དབང་ལྔ་པར་གསོལ་བ་ལྟར། རྗེ་ཉི་མ་གླིང་པའི་དངུལ་གདུང་བཞེངས་པའི་ཐེབས་སུ་གསེར་སྲང་བཅུ་གསུམ་དང། མཆོད་འབུལ་རྒྱུན་ཆགས་ཀྱི་དོད་དུ་ཕོགས་ཞིང་སྦྱར་བར་བརྟེན་ལོ་རེ་བཞིན་རྗེ་འདིའི་འདས་མཆོད་ཆག་མེད་ཚུགས་ཤིང་། མགོན་པོ་བསོད་ནམས་མཆོག་གྲུབ་ཉིད་ནས་ཀྱང་གཙང་དུ་རྗེ་ཉི་མ་གླིང་པའི་འདྲ་སྐུ་ལེགས་པ་ཞིག་ཀྱང་བཞེངས་གནང་མཛད། རྗེ་འདིའི་གསུང་རྩོམ་ལ། གསན་ཡིག་བསྲེགས་བཅད་བརྡར་བ་གསེར་གྱི་བུམ་ཆུང་། ལམ་འབྲས་བརྒྱུད་པའི་རྣམ་ཐར་ཁ་སྐོང་། ཤེས་བྱ་ཀུན་རིག་རྣམ་བཤད། ཀྱེ་རྡོར་མངོན་རྟོགས་ཚུལ་གསུམ་གསལ་བའི་སྒྲོན་མེ། གནད་ཀྱི་ཟླ་ཟེར་ལ་དོགས་སློང་སོགས་པོད་གཉིས་བཞུགས། སློབ་མ་ལ། མགོན་པོ་བསོད་ནམས་མཆོག་ལྡན། མགོན་པོ་བསོད་ནམས་མཆོག་གྲུབ། གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་སོགས་མང་དུ་བྱོན།
མགོན་པོ་བསོད་ནམས་མཆོག་ལྡན་གྱི་རྣམ་ཐར། ལམ་འབྲས་བླ་བརྒྱུད་རྣམ་ཐར། པོད་ ང) ཤོག་གྲངས་༥༣ ན) ༦ སོགས་དང་། མགོན་པོ་བསོད་ནམས་མཆོག་གྲུབ་ཀྱི་རྣམ་ཐར། ལམ་འབྲས་ཅ་པ་ལས་བཏུས། ཤོག་གྲངས་༣༠ ན) སོགས་སུ་གསལ་ལོ། གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག་བུམ་པ་བཟང་། ཤོག་གྲངས་ ༣༥༩ སོགས་སུ། དེབ་གཟུགས། རྒྱལ་ཡོངས་ས་ཆེན་པར་མ།
p>. གོང་དཀར་དགའ་བས། [version: 2018-05-10]
ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས།
ff. 1a-6b
ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས།
lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 29, pp. 14-20
ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས།
lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 29, pp. 56-63
ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས།
lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 29, pp. 21-25
ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས།
lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 29, pp. 46-49
ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས།
lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 29, pp. 29-32
ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས།
lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 29, pp. 79-82
ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས།
lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 29, pp. 64-78
ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས།
lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 29, pp. 50-55
ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས།
lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 29, pp. 83-88
མཁྱེན་བརྩེ་ཚེ་དབང་ཀུན་མཁྱེན།, ཡར་ལུང་པ་སེང་གེ་རྒྱལ་མཚན།, ...
lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 28, pp. 371-397
ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས།
ff. 1a-7a
ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས།
lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 29, pp. 26-28
ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས།
lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 29, pp. 33-45
ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས།
lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 29, pp. 1-13
ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས།