SRC ID: P861
TBRC ID: P2607
མཚན་གཞན་ལ། ཀུན་མཁྱེན་ཚེ་དབང་བཀྲ་ཤིས། གོང་དཀར་སློབ་དཔོན་ཚེ་དབང་བཀྲ་ཤིས་ཞུ་བ་དང་། རྗེ་འདིས་མཁས་གྲུབ་རིན་ཆེན་རྣམ་རྒྱལ་དང་། རྗེ་ཡངས་པ་ཅན་བྱང་ཆུབ་དབང་རྒྱལ། སྔགས་འཆང་ཀུན་དགའ་རིན་ཆེན་སོགས་བསྟེན་ནས་མཁས་པའི་གོ་འཕང་བརྙེས། ཐུགས་སྲས་ཀུན་དགའ་རྒྱལ་པོ་སོགས་ལས་དཔལ་ལྡན་ས་སྐྱ་པའི་མགོན་པོའི་ཆོས་སྐོར་སྤྱི་དང་། ཡང་སྒོས་རྫོང་ཆེན་ཀུན་དགའ་རྣམ་རྒྱལ་གྱི་ཐུགས་དམ་མགོན་པོད་ཡོངས་རྫོགས་གསན་བཞེས་མཛད་དེ། གོང་དཀར་ལུགས་ཀྱི་མགོན་པོ་ཆེ་ཆུང་གི་འཆམ་དབྱངས་སོགས་ཀྱི་ཕྱག་ལེན་དཔྱིས་ཕྱིན་པ་ཚར་ཆེན་རྡོ་རྗེ་འཆང་སོགས་ལ་བསྩལ་བས། ཚར་ཆེན་གྱི་ཞལ་ནས་ཀྱང་། འོན་ཀྱང་འཆམ་དང་འགྲོས་ཀྱི་སྤྲོས་པ་ནི། །འདོད་ན་རྡོ་རྗེ་གདན་པ་ལས་གཞན་པའི། །ཚད་ལྡན་མེད་ཕྱིར་དེ་ཡི་ལུགས་བཞིན་སྟོན། །ཅེས་དང་། ཨེ་ཝཾ་པ་ནི་བསྡུས་ལ་སྤྲོས་པ་ཆུང་། །མུས་སྲད་པ་ནི་དཀར་ཆག་ཁྲིགས་ཆགས་ཅན། །རྡོ་རྗེ་གདན་པ་འཆམ་དང་ནུས་པའི་བདག །ཁོ་བོས་ཐོབ་པའི་ཐུན་མོང་བརྒྱུད་པ་གསུམ། ཞེས་ཚར་ཆེན་བརྒྱུད་པ་གསུམ་གྱི་བདག་པོར་གྱུར་བའང་རྗེ་འདིའི་བཀའ་དྲིན་ལས་བྱུང་བ་ཡིན། མ་ཟད་ཚཪ་ཆེན་གྱིས་གང་གི་གདན་ས་འདར་གྲང་མོ་ཆེ་སོགས་ལའང་རྫོང་ལུགས་ཀྱི་ཕྱག་བཞེད་དར་རྒྱས་བྱུང་བ་རྗེ་འདིའི་མཛད་འཕྲིན་ཡིན། རྗེ་འདི་དང་ཚར་ཆེན་བློ་གསལ་རྒྱ་མཚོ་རྣམ་གཉིས་ནི་ཕར་སློབ་ཚུར་སློབ་ཡིན་ལ། རྗེ་འདི་གཉིས་ཞལ་འཛོམས་པའི་སྐབས་ཤིག་གསུང་མོལ་དུ། དེང་དཔལ་ས་སྐྱའི་ཆོས་སྐྱོང་གི་ཆོས་སྐོར་ལ་ངེད་གཉིས་ལས་ལྷག་པ་མེད་ཚུལ་གསུངས་པའི་སྐོར། ཚར་ཆེན་གྱི་རང་རྣམ་དུ་གསལ་པོར་གསུངས་ཡོད།་ གོང་དཀར་རྡོ་རྗེ་གདན་དུ་ཚར་ཆེན་གསན་བསམ་མཛད་པའི་ཚེ། ཞབས་བསྙུན་ཡང་ཐོས་བསམ་ལྷུར་མཛད་པས་ཀུན་ཧ་ལས་ཤིང་ཆོས་སྡེའི་གྲྭ་རིགས་རྣམས། ཡོན་ཏན་ལ་དྲན་བསྐུལ་དེ་ལས་ལྷག་པ་མ་བྱུང་བར་གྲགས་ལ། རྗེ་འདིའི་དྲུང་དུ། ཚར་ཆེན་གྱི་སློབ་དངོས་རྗེ་མཁྱེན་བརྩེའི་དབང་ཕྱུག་གིས་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་ལུགས་ཀྱི་དཔལ་མགོན་སྟོབས་འཕྲོག་དབང་པོའི་གཏོར་མ། དྲག་པོའི་འཆམས་དབྱངས། ཕྱག་ལེན་ཐམས་ཅད་མཁས་པར་སྦྱངས་ཏེ་ཚར་པའི་གདན་ས་འདར་གྲང་མོ་ཆེའི་ཕྱག་སྲོལ་དུ་འཛུགས་པར་མཛད། གཞན་ཡང། རྗེ་འདིས་ཚར་ཆེན་ལ་ས་འཇམ་སྦགས་སྒྲུབ་བསྩལ་བས། དེའི་བླ་བརྒྱུད་གསོལ་འདེབས་སུ་ཡང་། མཁས་པའི་དབང་ཕྱུག་ཡོན་ཏན་རྒྱ་མཚོ་(འདིར། འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག་ན། གོང་དཀར་འབྲས་མོ་བ་བསོད་ནམས་རྒྱ་མཚོ། ཞེས་སྣང་།)དང་། །ཚེ་དབང་བཀྲ་ཤིས་རྣམས་ལ་གསོལ་བ་འདེབས༎རྡོ་རྗེ་འཆང་ཆེན་བློ་གསལ་རྒྱ་མཚོ་དང་༎ ཞེས་གསལ་བས། ས་འཇམ་སྦགས་སྒྲུབ་རྗེ་འདི་ལས་བརྒྱུད་པ་ཡིན་པ་ན། དེང་ས་སྐྱ་པའི་སློབ་བརྒྱུད་ཡོངས་ཀྱི་བརྒྱུད་པའི་བླ་མ་གལ་ཆེན་ཞིག་ཀྱང་ཡིན། སློབ་མ་ལ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་ཚེ་དབང་ཀུན་མཁྱེན། སློབ་དཔོན་མཁྱེན་རབ་རྣམ་རྒྱལ་སོགས་བྱོན།
དཔལ་ལྡན་ས་སྐྱ་པའི་ཁྲི་རབས་འཕྲིན་ལས་ཀུན་ཁྱབ་། ཤོག་གྲངས་༡༩༠ ནང་གོང་དཀར་དཔོན་སློབ་ཚེ་དབང་བཀྲིས། ཞེས་གསལ། )སོགས་ཀྱི་ཞབས་ལ་བསྟེན། ཡང་ཤོག་གྲངས་༩༠ བ) ཡིག་ཕྲེང་༣་་ ཤོག་གྲངས་ ༤༣ ན) ༣ ལམ་འབྲས་པོད་ཁ། ཅེས་ཤོག་གྲངས་༧༨ ན) ཡིག་ཕྲེང་༤ ལམ་འབྲས་བླ་བརྒྱུད་རྣམ་ཐར་པོད་ ཁ གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག་སོགས་ལས་བཏུས་པའོ༎
p>. གོང་དཀར་དགའ་བས། [version: 2018-05-10]