SRC ID: S1080
ff. 49b4: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གགས་སེལ་གྱི་མན་ངག་ནོར་བུའི་འཕྲེང་བ་འདི་ནི། མཉམ་མེད་གསའ་ལུང་པ་ཆེན་པོ་མཁས་གྲུབ་ཤེས་རབ་རིན་ཆེན་དང་། དྲན་མཆོག་སངས་རྒྱས་མགོན་པོའི་གསུང་གི་བདུད་རྩི་ཡང་ཡང་མྱངས་པ། ཆོས་ཚུལ་འདི་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་པ། རིག་པ་འཛིན་པ་བྱམས་པ་ནམ་མཁའ་རྒྱལ་མཚན་གྱིས། དད་པ་ལྡན་པའི་སློབ་བུ་འགས་ཡང་ཡང་བསྐུལ་བའི་ངོར། དུས་ཀྱི་ཕོ་ཉ་ཞེས་པ། ས་ཕོ་རྟའི་ལོ། ཧོར་ཟླ་གསུམ་པའི་ཚེས་གསུམ་གྱི་ཉིན། ལོ་ཕུ་ཆོས་ཀྱི་ཕོ་བྲང་དུ་སྦྱར་བའོ། །ཡི་གེ་པ་ནི་ཆོས་མཛད་ནམ་མཁའ་དཔལ་མགོན་ནོ། །
སཾ་བྷོ་ཊའི་དབོན་བརྒྱུད་དཔེ་ཚོགས་ཀྱི་ཆོས་ཚན་དཀར་ཆག no. 180