སྒྲུབ་པ་ལུང་སྦྱིན་གྱི་ཉམས་ལེན་ཀླགས་པས་དོན་གྲུབ།

ཕྱིའི་དྲྭ་སྦྲེལ།

SRC ID: S1097

པོད་དང་ཤོག་གྲངས།

ff. 1a-5b

དཔེ་གཞི།

དཔེ་གཟུགས། (བྲིས་མ་དབུ་མེད།)

ཟུར་མཆན།

entry holds multiple texts, see outline

མཇུག་བྱང་།

f. 2a5: འདི་ཉམས་སུ་ལེན་ཚུལ་ལ་ཟིན་བྲིས་ཀྱི་ཡི་གེ་འདྲ་མིན་མན་དག་འདུག་པ་མཐོང་སྟེ། མན་ངག་འཆོལ་བའི་འཇིགས་པས་རྐྱེན་བྱས་པ་དང་། དད་ལྡན་གྱི་སློབ་བུ་འགས་ཡང་ཡང་བསྐུལ་བའི་ངོར། སྒྲུབ་པ་ལུང་སྦྱིན་གྱི་རྒྱུན་གྱི་ཉམས་ལེན་ཀླགས་པས་དོན་གྲུབ་འདི། རིག་པ་འཛིན་པ་བྱམས་པ་ནམ་མཁའ་རྒྱལ་མཚན་གྱིས། དུས་ཀྱི་ཕོ་ཉ་ཞེས་པ། ས་ཕོ་རྟ་ལོ། ཧོར་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན། ལོ་ཕུ་ཆོས་ཀྱི་ཕོ་བྲང་དུ་སྦྱར་བའོ། ། f. 4b1: བིར་སྲུང་ཐུན་མོང་མ་ཡིན་པ་དང་། ཐུན་མོང་བའི་ཉམས་ལེན་བསྲུང་བ་དང་བཅས་པ་འདི། ཆོས་ཚུལ་འདི་ཉིད་ལ་དད་པའི་སློབ་བུ་འགས་ཡང་ཡང་བསྐུལ་བའི་ངོར། རིག་པ་འཛིན་པ་བྱམས་པ་ནམ་མཁའ་རྒྱལ་མཚན་གྱིས། ས་པཎ་ཁུ་དབོན་གྱི་ཡིག་ཆ་དང་། བླ་མ་གོང་མའི་གསུང་སྒྲོས་ལ་བརྟེན་ནས། སྐྱོ་ར་རི་ཁྲོད་ཀྱི་དབེན་གནས་སུ་སྦྱར་བའོ། །ཡི་གེ་པ་ནི་བསོད་ནམས་སེངྒེའོ། ། f. 5b3: བིར་བསྲུངས་ཐུན་མོང་མ་ཡིན་པ་དག་པ་སྦྱར་བ་བསྲུང་བ་དང་བཅས་པའི་ཉམས་ལེན་འདི། དད་ལྡན་སློབ་བུ་འགས་སྐུལ་བའི་ངོར། བླ་མ་གོང་མའི་གསུང་བཞིན་དུ། རིག་པ་འཛིན་པ་བྱམས་པ་ནམ་མཁའ་རྒྱལ་མཚན་གྱིས། དུས་ཀྱི་ཕོ་ཉ་ཞེས་པ་ས་ཕོ་རྟའི་ལོ། ལོ་ཕུ་ཆོས་ཀྱི་ཕོ་བྲང་དུ་སྦྱར་བའོ། །ཡི་གེ་པ་ནི་དགེ་བཤེས་དཔལ་ལྡན་རྒྱ་མཚོས་བགྱིས་སོ། །

དཀར་ཅག / ས་བཅད།

  1. སྒྲུབ་པ་ལུང་སྦྱིན་གྱི་ཉམས་ལེན་ཀླགས་པས་དོན་གྲུབ། ལོ་ཕུ་བ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། (~15th/16th cent.), ff. 1a-2a
  2. བིར་སྲུང་ཐུན་མོང་མ་ཡིན་པ་སྲུང་བ་དང་བཅས་པ། ལོ་ཕུ་བ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། (~15th/16th cent.), ff. 2b-4b2
  3. བིར་སྲུང་ཐུན་མོང་མ་ཡིན་པ་དག་པ་སྦྱར་བ། ལོ་ཕུ་བ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། (~15th/16th cent.), ff. 4b3-5b

ཞུ་སྒྲིག་འགྲེལ་བརྗོད།

སཾ་བྷོ་ཊའི་དབོན་བརྒྱུད་དཔེ་ཚོགས་ཀྱི་ཆོས་ཚན་དཀར་ཆག no. 185

སྐྱེས་བུ།

རྩོམ་རིགས།

བརྗོད་གཞི། ལྷ།

པར་སྐྲུན།