SRC ID: S1114
f. 5a5: སྨིན་བྱེད་མཆོག་གི་དབང་བསྐུར་བའི་ཚུལ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་དོན་ཞིབ་ཏུ་སྦྱར་བ་འདི་ཉིད། ཚང་ཞིང་མ་ནོར་བ་མན་ངག་དང་ལྡན་པས་རང་གཟོ་སྤངས་ཏེ། དཔའ་བོའི་ལོ་ནག་པའི་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བརྒྱད་ཀྱི་ཉིན་བར། རྡོ་རྗེ་འཛིན་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་རང་གཞན་གྱི་དོན་དུ་སྦྱར་བའོ། །དགེའོ། །་ {མཚན་རྣམས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཕྱག་ལེན་ལ་ལེགས་པར་བཀོད་པའོ། །}