འཁྲུལ་འཇོམས་ཉི་མའི་འོད་ཟེར།

ཕྱིའི་དྲྭ་སྦྲེལ།

SRC ID: S1209

པོད་དང་ཤོག་གྲངས།

ff. 1a-155a

དཔེ་གཞི།

དཔེ་གཟུགས། (བྲིས་མ་དབུ་ཅན།)

མཇུག་བྱང་།

ff. 154a7-155a: དཔལ་ཀྱཻ་རྡོ་རྗེའི་མངོན་པར་རྟོགས་པ་མན་ངག་གི་གཏེར་མཛོད་གསལ་བར་བྱེད་པའི་དཀའ་འགྲེལ་རྒྱུད་དོན་གནད་ཀྱི་ལྡེ་མིག་གི་རྒྱས་བཤད་འཁྲུལ་འཇོམས་ཉི་མའི་འོད་ཟེར་ཞེས་བྱ་བ་འདི་ནི། དཔལ་ཏུ་མེད་པའི་མཁྱེན་རབས་དང་། ཐུགས་རྗེ་ཕུལ་དུ་བྱུང་བའི་བདག་ཉིད། བདེ་བར་གཤེགས་པའི་གསུང་རབ་རྒྱ་མཚོའི་དགོངས་དོན་རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་འབྱེད་པ་ལ། སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་ཞིང་། ཁྱད་པར་དུ་ཡང། རྗེ་བཙུན་འཇམ་པའི་དབྱངས་དང་གཉིས་སུ་མ་མཆིས་པ། དཔལ་ལྡན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་དགོངས་པ་འགྲེལ་བ་ལ། འཁྲུལ་པའི་དྲི་མ་ཙམ་ཡང་མི་མངའ་བའི་ཆོས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་པའི་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་འཇམ་དབྱངས་གྲགས་པའི་དཔལ། མཚན་གཞན་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་སྲིད་པ་གསུམ་དུ་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཞབས་རྡུལ་དྲི་མ་མེད་པ། ཡན་ལག་མཆོག་གིས་གུས་པར་བླངས་པས། སྤྱིར་མདོ་སྔགས་ཀྱིས་བསྡུས་པའི་གཞུང་ལུགས་དུ་མ་ལ་བློའི་གནང་བ་ཐོབ་ཅིང། ཁྱད་པར་བཀའ་སྲོལ་འདི་ཉིད་ལ་ཤེས་ནས་དད་པ་ཐོབ་པ། ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་དཔལ་ལྡན་ཆོས་སྐྱོང་བཟང་པོ་ཞེས་བགྱི་བས། དཔལ་ངམ་རིང་གི་ཆོས་གྲྭ་ཆེན་པོར་སྦྱར་བའོ། །འདིས་ཀྱང་རྡོ་རྗེ་ཐེག་པའི་བསྟན་པ་ཕྱོགས་མཐའ་དག་དུ་དར་ཞིང་རྒྱས་པར་གྱུར་ཅིག །

ཞུ་སྒྲིག་འགྲེལ་བརྗོད།

སཾ་བྷོ་ཊའི་དབོན་བརྒྱུད་དཔེ་ཚོགས་ཀྱི་ཆོས་ཚན་དཀར་ཆག no. 26

སྐྱེས་བུ།

རྩོམ་རིགས།

བརྗོད་གཞི། ལྷ།

པར་སྐྲུན།