དཔལ་ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་རྣམ་བཤད་དག་ལྡན་སྙེ་མ།

ཕྱིའི་དྲྭ་སྦྲེལ།

SRC ID: S1220
TBRC ID: W15453

པོད་དང་ཤོག་གྲངས།

ff. 1a-241a

དཔེ་གཞི།

དཔེ་གཟུགས། (བྲིས་མ་དབུ་མེད།)

མཇུག་བྱང་།

ff. 240a1-241a1: དཔལ་བརྟགས་པ་གཉིས་པའི་རྒྱུད་ཀྱི་རྒྱལ་པོ་འདི་ལ། འགྲེལ་པ། འགྲེལ་བཤད་དང། བཤད་སྲོལ་མང་དུ་ཡོད་ནའང། དཔལ་མཆོག་རྡོ་རྗེ་འཆང་ཆེན་པོ་ནས་བཟུང་སྟེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྡོ་རྗེ་བདག་མེད་མས་ལུང་བསྟན་ཅིང་བྱིན་གྱིས་བརླབས་ཏེ། དངོས་སུ་རྗེས་སུ་གདམས་པ་མཐུ་སྟོབས་ཀྱིས་མགོན་པོ་དཔལ་ལྡན་བིར་ཝ་པ་ལ་སོགས་པ། མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་མཆོག་ཁྱད་པར་ཅན། རིམས་པར་བྱོན་པ་རྣམས་ཀྱི་ཞལ་ནས་མཉན་དུ་བརྒྱུད་པ་བར་མ་ཆད་ཅིང། གནས་སྐབས་དང་མཐར་ཐུག་གི་དགོས་འདོད་ཐམས་ཅད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་བྱིན་བརླབས་ཀྱི་བརྒྱུད་པ་མ་ཉམས་པ་འདི། གཞན་ལས་ཕུལ་དུ་བྱུང་ཞིང་། ཁྱད་པར་དུ་འཕགས་པའི་བཤད་སྲོལ་ཡིན་པས་དོན་དུ་གཉེར་བ་རྣམས་ཀྱིས་ཉམས་སུ་བླང་བྱ་ཡིན་ནོ། །འདི་ནི་དད་པ་དང་། བརྩོན་འགྲུས་དང་། ཤེས་རབ་དང་ལྡན་ཞིང་། རྒྱུད་འདི་ལ་ལྷག་པར་མོས་པ་ཡི། དགེ་སློང་ཀུན་དགའ་བཟང་པོས་དུས་རིང་མོ་ནས་བསྐུལ་བ་དང་། ཕ་རོལ་དུ་ཕྱིན་པ་དང་། གསང་སྔགས་ཀྱི་སྡེ་སྣོད་དུ་མ་ལ། སྣང་བ་རྒྱས་པ་མཁན་པོ་བཀྲ་ཤིས་རིན་ཆེན་ལ་སོགས། སློབ་མ་རྣམས་ཀྱིས་ཉེ་བར་བསྐུལ་བའི་ངོར། རྡོ་རྗེ་འཛིན་པ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོས། སངས་རྒྱས་ཀྱི་བསྟན་པ་ལོ་སུམ་སྟོང་ལྔ་བརྒྱ་སུམ་བཅུ་སོ་ལྔ་འདས་པའི་དུས་ཁྱུ་མཆོག་གི་ལོ། གྲུབ་པའི་སྐྱེས་བུ་དུ་མས་བྱིན་གྱིས་བརླབས་པའི་དབེན་གནས་དམ་པ། སེ་མཁར་ཆུང་ཞེས་བྱ་བར། སྦྱར་བའི་ཡི་གེ་པ་ནི་དགེ་སློང་སངས་རྒྱས་ཤེས་རབ་ཞེས་བྱའོ། །འདིས་བསྟན་པ་དང་། སེམས་ཅན་དཔག་ཏུ་མེད་པ་ལ། ཕན་པ་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག །སླར་ཡང་དཔལ་ལྡན་ས་སྐྱར་རྣལ་འབྱོར་དབང་ཕྱུག་ས་སྐྱ་པ་ཆེན་པོས་མཛད་པའི་དཀའ་འགྲེལ་དང། རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པའི་རྣམ་བཤད་ཉི་མའི་འོད་ཟེར་ལའང་གཏུགས་ནས་དག་པར་བགྱིས་སོ། །འདི་ནི་ཉུང་ངུ་ལ་མོས་པ་རྣམས་ཀྱི་དོན་དུ་བྱས་ལ། ཅུང་ཟད་རྒྱས་པར་འདོད་ན། འདི་ཡི་ཟུར་འདེབས་དཀའ་འགྲེལ་སྙེ་མ་ལས་ཀྱང་རྟོགས་པར་བྱའོ། །

ཞུ་སྒྲིག་འགྲེལ་བརྗོད།

སཾ་བྷོ་ཊའི་དབོན་བརྒྱུད་དཔེ་ཚོགས་ཀྱི་ཆོས་ཚན་དཀར་ཆག no. 29; མ་དཔེ་གསུམ་ཡོད།

སྐྱེས་བུ།

རྩོམ་རིགས།

བརྗོད་གཞི། ལྷ།

པར་སྐྲུན།