SRC ID: S1223
འབྲས་སྤུངས་གནས་བཅུ་ལྷ་ཁང་།, དཔེ་ཨང་།: phyi ga 173
ff. 38b7-39a: དཔལ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་ཀྱེ་རྡོ་རྗེ་རྣམ་པར་རོལ་པ་འདི། བླ་མ་སངས་རྒྱས་འོད་ཟེར་ལ་སོགས་པ་དགེ་བའི་བཤེས་གཉེན་མང་པོས་བསྐུལ་བའི་ངོར། དམིགས་པ་མེད་པའི་མཁྱེན་རབས་དང་ཐུགས་རྗེ་ཅན། རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པའི་ཀྱེའི་རྡོ་རྗེའི་རྒྱུད་ལུགས་ཀྱི་དཀྱིལ་ཆོག་དང་། དཔལ་ལྡན་བླ་མ་དམ་པ་བསོད་ནམས་ཀྱི་མཚན་ཅན་གྱི་ཞལ་སྔ་ནས་མཛད་པའི་རྡོ་རྗེ་གུར་གྱི་དཀྱིལ་ཆོག་ལ་བསྟེན་(=བརྟེན) ནས། ཕྱག་ལེན་གྱི་ཁྲིགས་ཆགས་ལས་དང་པོ་པ་ལ་ཕན་པའི་དོན་དུ། ཚིག་ཉུང་ངུར་བྱས་པ་འདི། ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་ཨ་བ་དྷུ་ཏི་པ་[i.e. bsod nams rgyal mtshan dpal bzang po] ཆེན་པོའི་ཞབས་རྡུལ་སྤྱི་བོས་ལེན་པ་རྡོ་རྗེ་འཛིན་པ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོས། ས་མོ་ཡོས་ཀྱི་ལོ་ཆུ་བསྟོད་(=སྟོད) ཟླ་བའི་ཚེས་བཅུ་ལ། དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བ་འདིས། སེམས་ཅན་དཔག་ཏུ་མེད་པ་ལ་ཕན་ཐོགས་པར་གྱུར་ཅིག །སློབ་མ་རྗེས་སུ་འཛིན་པ་ལ་སོགས་པ་རྒྱས་པར་ཤེས་པར་འདོད་པ་རྣམས་ཀྱིས་ནི། དཀྱིལ་ཆོག་དེ་དག་ཏུ་བལྟ་བར་བྱའོ། །ཡི་གེ་པ་ནི་ཛྙ་ན་ཤྲིའོ། །
སཾ་བྷོ་ཊའི་དབོན་བརྒྱུད་དཔེ་ཚོགས་ཀྱི་ཆོས་ཚན་དཀར་ཆག no. 8; མ་དཔེ་གཉིས་ཡོད།