SRC ID: S1448
གོང་དཀར་རྡོ་རྗེ་གདན།
f. 19a2: ཅེས་པ་འདི་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་བྱེད་ཚུལ་ཡི་གེ་རྙིང་པ་རྣམས་སུ་ཅུང་ཟད་མི་གསལ་བ་གསལ་བར་བྱ་བའི་ཕྱིར་བླ་མའི་མན་ངག་གིས་བརྒྱན་ཏེ། མིའི་དབང་པོ་སྒྲོལ་མ་རབ་བརྟན་དཔལ་བཟང་པོའི་བཀས་བསྐུལ་བ་བཞིན། དཔལ་ས་སྐྱ་པཎྜི་ཏ་ཤཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་པོས། སྒྲོལ་བྱེད་ཀྱི་ལོ། ནག་པ་ཟླ་བའི་མཁའ་འགྲོ་འདུ་བའི་དུས་ཉི་ཤུ་ལྔ་ལ། དཔལ་སྣ་ཐང་གི་གཙུག་ལག་ཁང་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་རྣམ་སྤྱོད་(དཔྱོད་)དང་ལྡན་པ་ཟླ་བ་གྲགས་པས་བྲིས་པའོ། །སོགས་དང་། འདིའི་ཁ་འཕངས་རྣམས་ས་སྐྱ་པ་ངག་གི་དབང་པོ་ཀུན་དགའ་རིན་ཆེན་གྱིས་མཆན་དུ་བྲིས་པའོ།