གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

གསུང་རབ།

ཕྱིའི་དྲྭ་སྦྲེལ།

SRC ID: S26

པོད་དང་ཤོག་གྲངས།

ff. 1a-19a

དཔེ་གཞི།

དཔེ་གཟུགས། (བྲིས་མ་དབུ་ཅན།)

ཟུར་མཆན།

- main author said to be དགེ་འདུན་རབ་གསལ། Ⓢfield (wc_JS_2015-09)

བཀོད་པ།

  • Lines per folio: 6

བརྗོད་བྱ་སྙིང་བསྡུས།

- a brief history of Gongkar Chöde monastery written by its monks in the 1980s Ⓢ

ཞུ་སྒྲིག་འགྲེལ་བརྗོད།

སཾ་བྷོ་ཊའི་དབོན་བརྒྱུད་དཔེ་ཚོགས་ཀྱི་ཆོས་ཚན་དཀར་ཆག་ནང་མི་འདུག

- The text was translated by Mathew Akester; see 'The Precious Necklace', a Brief History of Gongkar Chode Monastery at Himalayan Art Resources.

འདི་ནི་དཔལ་ལྡན་རྫོང་པའི་གདན་ས་གོང་དཀར་ཆོས་སྡེའམ། གོང་དཀར་རྡོ་རྗེ་གདན་གྱི་ལོ་རྒྱུས་རགས་བསྡུས་ཤིག་ཡིན་ལ། འདིའི་ནང་དུ། གོང་དཀར་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་མོ་འདི་ཉིད་ཇོ་བོ་རྗེས་དཔལ་ལྡན་ཨ་ཊི་ཤ་ཡིས་ལུང་བསྟན་པ་དང་། གོང་དཀར་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོས་ཕྱག་བཏབ་ཚུལ། གཙུག་ལག་ཁང་ཆེན་མོའི་ལྡེབས་རིས་ཡོངས་རྫོགས་གོང་དཀར་མཁྱེན་བརྩེ་ཆེན་མོའི་ཕྱག་བཟོ་ཡིན་སྐོར་སོགས་སྐུ་གསུང་ཐུགས་རྟེན་དང་ལྷ་ཁང་རྣམས་ཀྱི་ངོ་སྤྲོད་དཀར་ཆག་རགས་རིམ་དུ་བཀོད་པ་དང་། དེ་ནས་ཕྱིས་སུ་གདན་ས་འདི་ཉིད་ཀྱི་གྲྭ་ཚང་བཞི་སྟེ། བཀྲ་ཤིས་འབྲས་སྤུངས་གྲྭ་ཚང་། ཕན་བདེ་ཀུན་བཟང་རྩེ་གྲྭ་ཚང་། བློ་གསལ་རིན་ཆེན་སྒང་གྲྭ་ཚང་། བློ་གླིང་ཀུན་ཐང་གྲྭ་ཚང་རྣམས་རིམ་བཞིན་ཆགས་བཏབ་ཚུལ། ད་དུང་གདན་ས་འདི་ཉིད་དུ་ལོ་གཅིག་ནང་གི་ཆོས་ཕྱོགས་ཀྱི་མཛད་སྒོ། སྒྲུབ་མཆོད་ཁག་དང་དེ་དག་གི་ཚོགས་དུས། གར་འཆམ་སོགས་ཇི་ཙམ་བཞུགས་སྐོར་གསལ་བའི་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི་ལོ་རྒྱུས་རགས་བསྡུས་ཤིག་ཡིན། འདི་ནི་བོད་ནང་དུ་རྒྱ་གཞུང་གི་རིག་གནས་གསར་བརྗེའི་སྐབས་ཆོས་སྡེ་འདི་ཉིད་ཀྱི་ལོ་རྒྱུས་ནང་རྟེན་དང་བཅས་པར་གཏོར་སྐྱོན་ཤུགས་ཆེན་བྱུང་བར་བརྟེན། དུས་ཕྱིས་དགོན་པ་བསྐྱར་གསོ་བྱུང་སྐབས། སྡེ་པ་ཆེན་པོ་སྐུ་ཞབས་བསྟན་དར་ལགས་དང་། ཆོས་མཛད་བདེ་ལེགས་ལགས་རྣམ་གཉིས་ཀྱིས་སྔ་མོའི་ལོ་རྒྱུས་ལ་རྗེས་དྲན་དང་། ཕྱིས་རབས་རྣམས་ལ་ངོ་སྤྲོད་ཆེད་དུ་བརྩམས་གནང་བ་ཞིག་ཡིན།

ལོ་རྒྱུས་འདི་ཉིད་ཐོག་མར་བོད་ནས་དཔེ་གཟུགས་སུ་པར་བསྐྲུན་གནང་བ་དང་། དེ་ནས་བཙན་བྱོལ་དུ་བོད་ཀྱི་དཔེ་མཛོད་ཁང་གིས་ཕྱི་ལོ་༢༠༡༥ ལོར་པར་བསྐྲུན་གནང་ཡོད།

གོང་དཀར་དགའ་བས།
[version: 2018-05-10]

སྐྱེས་བུ།

རྩོམ་རིགས།

བརྗོད་གཞི། ལྷ།

པར་སྐྲུན།