རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་དཔལ་ལྡན་ས་སྐྱའི་གདུང་རབས་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།

དཔེ་སྐྲུན་གནས་ཚུལ།

lha sa/: bod ljongs bod yig dpe rnying dpe skrun khang /, 2017.
sa skya rdzong lugs kyi chos skor phyogs bsdus chen mo/

ཕྱིའི་དྲྭ་སྦྲེལ།

SRC ID: S2935

པོད་དང་ཤོག་གྲངས།

vol. 19, pp. 1-133

དཔེ་གཞི།

དེབ་གཟུགས། (གློག་རྡུལ་དཔེ་ཆ།)

དཀར་ཅག / ས་བཅད།

འོད་གསལ་ལྷའི་གདུང་རབས།, p. 1
འཁོན་གྱི་གདུང་རབས།, p. 2
ས་སྐྱ་འཁོན་གྱི་གདུང་རབས་ལས་སྤྱི་ལ་དབང་བསྒྱུར་བའི་གདུང་རབས།, p. 6
གོང་མ་ལྔའི་སྐབས་ཀྱི་གདུང་རབས།, p. 9
འགྲོ་མགོན་ཕྱག་ནའི་སྲས་བརྒྱུད་སྐོར།, p. 48
སོ་སོར་དབང་མཛད་པའི་གདུང་རབས་ལས་བཞི་ཐོག, p. 53
ལྷ་ཁང་བླ་བྲང་གི་གདུང་རབས།, p. 59
དུས་མཆོད་བླ་བྲང་གི་གདུང་རབས།, p. 66
རིན་ཆེན་སྒང་བླ་བྲང་གི་གདུང་རབས།, p. 71
ཞར་བྱུང་ལས་དང་པོ་ས་སྐྱའི་གདན་རབས།, p. 77
ཧོར་གྱི་རྒྱལ་རབས།, p. 80
ཏི་ཤྲིའི་གདན་རབས།, p. 87
དཔོན་ཆེན་གྱི་གདན་རབས།, p. 90
ཁྲི་བསྐོར་བཅུ་གསུམ་གྱི་རྣམ་གྲངས།, p. 92
སློབ་དཔོན་ཆེན་པོ་རྣམས་ཀྱི་རབས།, p. 93
བླ་བྲང་གི་རྣམ་གྲངས་ལས་གདུང་བརྒྱུད་བཞུགས་པའི་བླ་བྲང་།, p. 96
བརྒྱ་ཚོ་དཔོན་གྱི་བླ་བྲང་།, p. 108
བརྒྱ་འདྲའི་བླ་བྲང་།, p. 109
ཞར་བྱུང་རྟེན་གསུམ་དཀར་ཆག, p. 109
བླ་བྲང་བཞི་སོ་སོར་བཞུགས་པ།, p. 119
སྐུ་འབུམ་རྣམས་ཀྱི་དཀར་ཆག, p. 130
མཇུག་བྱང་སྨོས་པ།, p. 132

ཞུ་སྒྲིག་འགྲེལ་བརྗོད།

མཚན་རྒྱས་པར། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་དཔལ་ལྡན་ས་སྐྱའི་གདུང་རབས་རིན་པོ་ཆེའི་ཕྲེང་བ། ཡང་ན། ཡོངས་གྲགས་སུ། མུས་སྲད་པའི་གདུང་རབས། ཞེས་བྱ་བ་འདི་ནི། དཔལ་ས་སྐྱའི་བསྟན་འཛིན་དཔལ་ལྡན་རྫོང་པའི་སྐྱེས་ཆེན་མུས་སྲད་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པ་ཡིན་ལ། འདི་ནི་ཕྱིས་ཡོངས་གྲགས་བྱེད་པའི་གདུང་རབས་རིན་ཆེན་བང་མཛོད་ཀྱི་མ་ཕྱི་ཡང་ཡིན། རྩོམ་དུས་ནི། འདིའི་མཇུག་བྱང་དུ། དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེའི་འཕྲེང་བ་ལྟར་བྱ་བ། དཔལ་ལྡན་ས་སྐྱའི་དགོན་པ་བཏབ་ནས། ལོ་བཞི་བརྒྱ་དང་གསུམ་ལོན་པ་ཤིང་མོ་ལུག་གི་མཆུ་ཟླ་ཉེར་གཉིས་ལ། རྩངས་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དགོན་པའམ་ཆོས་གྲྭ་ཆེན་པོར་སྦྱར་བའོ༎ ཞེས་གསལ་བ་ལྟར་ན། ཕྱི་ལོ་༡༤༧༥ བོད་ཟླ་དང་པོའི་ཚེས་༢༢ ཉིན་གདུང་རབས་འདི་ཉིད་ཀྱི་མཇུག་བསྡུ་བར་མཛད་ཅིང་།
གདུང་རབས་འདི་ཉིད་ཀྱི་བརྗོད་བྱ་ས་བཅད་ཉི་ཤུར་ཕྱེ་སྟེ་བསྟན་པ་ནི། ༡) འོད་གསལ་ལྷའི་གདུང་རབས། ༢) འཁོན་གྱི་གདུང་རབས། ༣) ས་སྐྱ་སྤྱི་ལ་དབང་བསྒྱུར་བའི་གདུང་རབས། ༤) སོ་སོར་དབང་མཛད་པའི་གདུང་རབས་ལ་བཞི་ཐོག་བླ་བྲང་གི་གདུང་རབས། ༥) ལྷ་ཁང་བླ་བྲང་གི་གདུང་རབས། ༦) དུས་མཆོད་བླ་བྲང་གི་གདུང་རབས། ༧) རིན་ཆེན་སྒང་བླ་བྲང་གི་གདུང་རབས། ༨) ཞར་བྱུང་ལས་ས་སྐྱའི་གདན་རབས། ༩) ཧོར་གྱི་རྒྱལ་རབས། ༡༠) ཏི་ཤྲིའི་གདན་རབས། ༡༡) དཔོན་ཆེན་གདན་རབས། ༡༢) ཁྲི་སྐོར་བཅུ་གསུམ་གྱི་རྣམ་གྲངས། ༡༣) སློབ་མ་ཆེན་པོ་རྣམས་ཀྱི་རབས། ༡༤) བླ་བྲང་གི་རྣམ་གྲངས་ལས་གདུང་བརྒྱུད་བཞུགས་པའི་བླ་བྲང་། ༡༥) བརྒྱ་ཚོ་དཔོན་གྱི་བླ་བྲང་། ༡༦) བརྒྱ་འདྲའི་བླ་བྲང་། ༡༧) ཞར་བྱུང་རྟེན་གསུམ་དཀར་ཆག ༡༨) བླ་བྲང་བཞི་སོ་སོར་བཞུགས་པ། ༡༩) སྐུ་འབུམ་རྣམས་ཀྱི་དཀར་ཆག ༢༠) མཇུག་བྱང་བཅས་སུ་བསྡུས་ཏེ་བསྟན་ཡོད་ལ། གདུང་རབས་འདིར་དམིགས་བསལ་ཁྱད་ཆོས་གཞན་ཞིག་ཡོད་པ་ནི། ས་སྐྱ་པའི་གདུང་རབས་གཞན་ལྟར་གདུང་བརྒྱུད་ཁོ་ན་གླེང་བ་མིན་པར་གདུང་བརྒྱུད་དང་འབྲེལ་བའི་བླ་བྲང་ཡོད་དོ་ཅོག་དང་། དེ་མིན་དཔོན་རབས་དང་སློབ་མ་རྣམས་ཀྱི་རབས་དང་བཅས་བསྟན་ཡོད། གདུང་རབས་འདི་ཉིད་བར་སྐབས་འབོར་བརླག་ཏུ་སོང་བ་ལས་བྲིས་མ་ཞིག་ལག་སོན་བྱུང་བ་དང་། དེ་ཉིད་དཔལ་ལྡན་རྫོང་པའི་གདན་ས་གོང་དཀར་རྡོ་རྗེ་གདན་གྱི་རྫོང་པའི་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས་ཏེ། དཔལ་ལྡན་རྫོང་པའི་ཆོས་འབྱུང་དང་རྣམ་ཐར་གཅེས་བཏུས་བཞུགས་སོ། ། ཞེས་པའི་ནང་དུ་དེབ་གཟུགས་སུ་ཤོག་གྲངས་༡༢༠ ཅན་དུ་བཞུགས་པ་སྤར་སྐྲུན་ཞུས་ཡོད།

གོང་དཀར་དགའ་བས།
[version: 2018-05-10]

སྐྱེས་བུ།

རྩོམ་རིགས།

བརྗོད་གཞི། ལྷ།

པར་སྐྲུན།