དཔལ་རྡོ་རྗེ་གཞོན་ནུའི་ལས་བྱང་འཕྲིན་ལས་རྒྱ་མཚོ་དང་མངོན་རྟོགས་ཧུ་ལུན་ཏའི་ཆུ་རྒྱུན་ཁ་བསྐོངས་ཀླགས་པས་དོན་གྲུབ་སོགས་ཕྱོགས་གཅིག་ཏུ་སྡེབས་པ་ཡིད་ཀྱི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།

ཕྱིའི་དྲྭ་སྦྲེལ།

SRC ID: S4711

ཉར་ཚགས།

བྱང་ཐང་།

པོད་དང་ཤོག་གྲངས།

ff. 1a-41a

དཔེ་གཞི།

དཔེ་གཟུགས། (བྲིས་མ་དབུ་མེད།)

བཀོད་པ།

མཇུག་བྱང་།

ff. 40a3-41a6: {ཞེས་སོགས་དང། གཞན་ཡང་སྨོན་ལམ་གྱི་རིམ་པ་མང་བ་གནང། ཉལ་ལྡང། ཁྲུས། བཟའ་བའི་རྣལ་འབྱོར་གསང་སྔགས་སྤྱི་དང་མཐུན་པར་སྤྱད་པར་བྱའོ། ཚུལ་འདི་ནི་ཚོགས་གཉིས་ལེགས་བྱས་ཀྱི་འབྲས་བུ་ལ་དབང་འབྱོར་བ་མིའི་དབང་པོ་སངས་རྒྱས་རྒྱལ་མཚན་གྱིས་བཀའ་ལུང་གིས། ཕྱོགས་བསྒྲིགས་མདོར་བསྡུས་གོ་བདེ་བ་ཞིག་ཅེས་བསྐུལ་བའི་ངོར། དཔལ་ལྡན་བླ་མ་དམ་པས་མཛད་པའི་དོན་གྲུབ་སྙིང་པོ་ལ་གཞི་བྱས་ཤིང། བྱང་ཆུབ་ལམ་སྒྲོན་དང། ཐར་པའི་གསུང་འགྲོས་ཀྱིས་ཁ་བསྐང་སྟེ། རང་བཟོ་སྤངས་ནས། སོ་ཐར་བསྒྲུབས་གསུམ་གྱི་ཆོས་བརྒྱུད་འཛིན་པ། ཇོ་སྲས་ཀུན་ཏུ་བཟང་པོ་རོལ་པའི་རྡོ་རྗེས་ས་ཕུར་ལྷ་ཁྲའི་ལུགས་གཡར་ཁྲལ་དུ་སྦྱར་བའི་ཡི་གེ་པ་ནི་དཔལ་ལྡན་གཅན?་པའོ༎} ༈ འདི་ལྟ་བུའི་དབང་གི་རིམ་པ་ཁྱོད་ཀྱིས་གང་ལས་ཐོབ་ཤེས་ན༎ ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་གཞོན་ནུ།་[40b]་སྤྲུལ་སྐུ་པདྨ་ཧེ་རུ་ཀ །རིགས་ཀྱི་རྡོ་རྗེ་འཛིན་པ། སློབ་དཔོན་ཨུ་པ་རཱ་ཛ། པྲ་ཧ་ཏི་རྩལ། ད་ན་སཾ་ཏྲི་ཏ། སྔགས་འཆང་པདྨ་འབྱུང་གནས། བི་མ་མི་ཏྲ། བལ་པོ་ཤཱཀྱ་མཉྫུ། ཤཱཀྱ་པྲ་བྷ། ཤོད་བུ་དཔལ་གྱི་སེང་གེ །སྣ་ནམ་རྡོ་རྗེ་བདུད་འཇོམས། འཁོན་རྡོ་རྗེ་རིན་ཆེན། དེའི་སྲས་ཤེས་རབ་ཡོན་ཏན། དེ་སྲས་ཡོན་ཏན་འབྱུང་གནས། དེའི་སྲས་ཚུལ་ཁྲིམས་རྒྱལ་པོ། དགེ་མཐོང་། དགེ་སྐྱབས། འཁོན་དཔལ་པོ་ཆེ། སྲས་ཤཱཀྱ་བློ་གྲོས། ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན་ཀུན་སྙིང་། སློབ་རྡོ་རྗེ་སྲིན་པོ་སློབ་དཔོན་རྡོ་རྗེ་འཛིན་པ། བློ་བོ་ལོ་ཙཱ་ཤེས་རབ་རིན་ཆེན། སློབ་དཔོན་འོད་ལྡན་དཔལ། འོད་ཆུང་ཀུན་དགའ་རྡོ་རྗེ། ལོ་ཙཱ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་ཀུན་བསོད། གན་པ་རིན་རྒྱལ། དཔལ་ལྡན་བླ་མ་དམ་པ། ཏ་དབེན་ཀུན་དགའ་ལེགས་པ་རྒྱལ་མཚན་དཔལ་བཟང་པོ། སངས་རྒྱས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་མི་འགྱུར་བསྟན་པའི་རྡོ་རྗེ། རླངས་སྟོན་སངས་རྒྱས་རྒྱལ་མཚན་དཔལ་བཟང་པོ། དེ་དག་གསེར་པ་ལོ་ཙཱ་བ་རླངས་སྟོན་ཆོས་ཀྱི་བློ་གྲོས་ལ་བཀའ་དྲིན་དུ་མཛད་དོ། ༈ །ཡང་ན་སྒྲོལ་མ་བ་སངས་རྒྱས་རིན་ཆེན་ནས། སྤྱན་ཡངས་པའི་[41a]་བདག་ཉིད་གཞོན་ནུ་དཔལ་གྱི་ཞལ་སྔ་ནས། དཔལ་ལྡན་བླ་མ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞལ་མངའ་ནས། དེས་བདག་ལ་བཀའ་དྲིན་དུ་མཛད་དོ༎ ཅེས་པ་འདི་ཉིད་ཀྱི་ཆོག་སྒྲིགས་འཕྲིན་ལས་རྒྱ་མཚོ་དང། ཧུ་ལུན་ཏ་གཉིས་ཕྱོགས་གཅིག་ཏུ་སྡེབས་{པ་} ངག་འདོན་དུ་བཀོད་པ་རྫོགས་སོ༎ དེ་ལྟར་རང་དོན་མངོན་པར་རྟོགས་པ་འཕྲིན་ལས་རྒྱ་མཚོ་དང། ཁ་བསྐོང་ཧུ་ལུན་ཏའི་ཆུ་རྒྱུན་གཉིས་དང། གཞན་དོན་དཀྱིལ་འཁོར་གྱི་ཆོ་ག་རྟོགས་པར་སླ་བའི་སྔོན་གྱི་ཕྱག་ལེན་འདི་ཉིད། སའི་ཐིག་ལེའི་ཕོ་བྲང་ཆེན་པོ་སྣེ་གདོང་རྩེར། གོང་མ་ཆོས་ཀྱི་རྒྱལ་པོའི་ཐུགས་དམ་གྱི་ཉམས་བཞེས་སུ་གནང་བ་ལས། ལུགས་གཉིས་ཀྱི་སྒོ་ནས་མཆོག་ཏུ་གྱུར་པ། ཡར་རྒྱབ་ཆོས་ཀྱི་རྒྱལ་པོས་ཀྱང། རྡོ་རྗེ་འཛིན་པ་དུ་མའི་གསུང་ལས་ཆུབ་པར་གནང་སྟེ་ཉམས་སུ་བཞེས་པའོ༎ དགེ་བ་འདི་ཡི་སེམས་ཅན་རྣམས༎ སྲིད་པའི་ཕུར་བུ་མ་སྤངས་པར༎ ཡེ་ཤེས་ཕུར་བུ་རྟོགས་གྱུར་ནས༎ གཞི་ལམ་འབྲས་གསུམ་ཅིག་གྱུར་ཅིག །ཤུ་བྷཾ། སརྦ་ཛ་ག་ཏཾ།་{གཅིག་ཞུས། མ་དཔེ་གཞན་མ་གཅིག་ནས་ཞུས་ལན་གཅིག་སོང།}

སྐྱེས་བུ།

རྩོམ་རིགས།

བརྗོད་གཞི། ལྷ།

པར་སྐྲུན།