རྗེ་བཙུན་རྡོ་རྗེ་གདན་པ་ཐཾས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

ཕྱིའི་དྲྭ་སྦྲེལ།

SRC ID: S801

ཉར་ཚགས།

གོང་དཀར་རྡོ་རྗེ་གདན།

པོད་དང་ཤོག་གྲངས།

ff. 1a-287a

དཔེ་གཞི།

དཔེ་གཟུགས། (བྲིས་མ་དབུ་མེད།)

བཀོད་པ།

  • Lines per folio: 6/7
  • Annotations to the text: with annotations and highlighting in red ink

མཇུག་བྱང་།

  • no colophon Ⓢ

ཞུ་སྒྲིག་འགྲེལ་བརྗོད།

སཾ་བྷོ་ཊའི་དབོན་བརྒྱུད་དཔེ་ཚོགས་ཀྱི་ཆོས་ཚན་དཀར་ཆག no. 58

མཚན་རྒྱས་པར། རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ། ཞེས་བྱ་བ་དེ་ཡིན་ཞིང་། འདིའི་ནང་དུ། རྗེ་བཙུན་འདི་ཉིད་དགུང་ལོ་ཉི་ཤུ་བཞེས་པ། ལྕགས་ལུག་ལོར་ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་དངོས་སློབ་བྲག་ཐོག་པ་བསོད་ནམས་བཟང་པོ་ལས་ཡོངས་རྫོགས་དགེ་བསྙེན་དང་། རང་གི་ཁུ་བོ་པཎ་ཆེན་བྱམས་པ་གླིང་པ་ལས་དགེ་ཚུལ་སློང་སྡོམ་པ་བཞེས་པ་ནས་བཟུང་ཏེ། སྔ་ཕྱིར་བསྟེན་པའི་བླ་མ་གཙོ་བོ། ༡) ཆོས་རྗེ་བྲག་ཐོག་པ་བསོད་ནམས་བཟང་པོ། ༢) བྲག་ཐོག་པ་དཔལ་འཛིན་བཟང་པོ། ༣) པཎ་ཆེན་བྱམས་པ་གླིང་པ། ༤) པཎྜི་ཏ་ནགས་ཀྱི་རིན་ཆེན། ༥) བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ། ༦) སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། ༧) བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། ༨) ཤར་ཆེན་ཡེ་ཤེས་རྒྱ་མཚོ། ༩) མཁན་ཆེན་བྱང་བརྩོན། ༡༠) ཚལ་མིན་ཆོས་རྗེ་ངག་དབང་བཟང་པོ། ༡༡) ཀུན་བཟང་རྩེ་པ་བསོད་ནམས་རྒྱལ་མཚན། ༡༢) རིན་པོ་ཆེ་གྲགས་པ་རྒྱལ་མཚན། ༡༣) རྔོག་སྟོན་བྱང་ཆུབ་དཔལ། ༡༤) རྔོག་སྟོན་བསོད་ནམས་དོན་གྲུབ། ༡༥) གླིང་སྨད་ཆོས་རྗེ་ཤེས་རབ་དཔལ་ལྡན། ༡༦) བདག་ཉིད་ཆེན་པོ་རིན་ཆེན་ཟླ་བ།༡༧) མཁས་པ་བསྟན་གསལ་བ། ༡༨) ཆོས་རྗེ་དགེ་རྒྱལ་བ། ༡༩) ཞྭ་དམར་ཆོས་ཀྱི་གྲགས་པ། ༢༠) རས་ཆེན་དཔལ་འབྱོར་བཟང་པོ། ༢༡) སྙེ་ཐང་ཆོས་རྗེ་བློ་བརྟན་བཞི་པ། ༢༢) ཨར་དགེ་མཁན་ཆེན་སྒྲིབ་པ་ནག་པོ། ༢༣)སྙེ་མདོ་བ་སྔགས་འཆང་ཤཱཀྱ་དཔལ་ཏེ་བླ་མ་གཙོ་བོ་ཉི་ཤུ་རྩ་གསུམ་དང་། དེ་མིན་གྱི་བླ་མ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་ཕལ་མོ་ཆེར་སློབ་གཉེར་གསན་བཞེས་གནང་བའི་སྐོར་རྗེ་ཉིད་ནས་ཟིན་ཐོར་བཀོད་གནང་བ་ཡིན་ལ། དེ་ཡང་། ཆོས་གསན་པའི་ཐོ་ཙམ་མིན་པར། བཀའ་འགྱུར་བསྟན་འགྱུར་དང་། ས་སྐྱ་བཀའ་འབུམ་ནང་གི་ཆོས་ཚན་སོགས་ལ་དག་བཅོས་དང་ཞིབ་བསྡུར་ཀྱང་མཛད་ཡོད་པས། ཕྱིས་རབས་སུ་བྱོན་པའི་བླ་མ་ལྔ་པ་ཆེན་པོ་དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་སོགས་ནས། ད་ལྟ་ཞལ་བཞུགས་པའི་སྐྱབས་མགོན་གོང་མ་རིན་པོ་ཆེའི་གསན་ཡིག་སོགས་ཀྱང་གཞི་བཅོལ་ས་གལ་ཆེན་ཞིག་ཏུ་གྱུར། གསན་ཡིག་འདི་བོད་དུ་གོང་དཀར་ཆོས་སྡེར་བྲིས་མ་ཞིག་ཡོད་པ་དང་། དེ་ལ་གཞི་བཅོལ་ཏེ་ས་ཆེན་དཔེ་སྐྲུན་ཁང་གིས་ཕྱི་ལོ་༢༠༠༥ ལོར་དེབ་གཟུགས་སུ་ཤོག་གྲངས་༤༤༣ ཅན་སྤར་སྐྲུན་ཞུས་ཡོད།

p>. གོང་དཀར་དགའ་བས། [version: 2018-05-10]

སྐྱེས་བུ།

རྩོམ་རིགས།

བརྗོད་གཞི། ལྷ།

པར་སྐྲུན།