SRC ID: S903
གོང་དཀར་རྡོ་རྗེ་གདན།, དཔེ་ཨང་།: pod 20
སཾ་བྷོ་ཊའི་དབོན་བརྒྱུད་དཔེ་ཚོགས་ཀྱི་ཆོས་ཚན་དཀར་ཆག no. 54
ཐོབ་ཡིག་འདི་ནི། དུས་རབས་བཅུ་བདུན་པའི་ནང་བྱོན་པའི་དཔལ་ལྡན་རྫོང་པའི་གདན་ས་གོང་དཀར་རྡོ་རྗེ་གདན་གྱི་བླ་མ་འཕྲིན་ལས་རྣམ་རྒྱལ་གང་གིས། རང་གི་རྩ་བའི་བླ་མ་གོང་དཀར་རྡོ་རྗེ་འཆང་ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས་དང་། མགོན་པོ་བསོད་ནམས་མཆོག་ལྡན་དབུས་པའི་བླ་མ་རྣམས་ལས་མདོ་རྒྱུད་མན་ངག་རིག་གནས་དང་བཅས་པའི་སྐོར་ལ་གསན་བཞེས་གང་གནང་བ་རྣམས་ཟིན་ཐོར་བཀོད་པའི་གསན་ཡིག་ཅིག་ཡིན་ལ། གསན་ཡིག་འདི་ནི་ལེའུ་བཅུ་གསུམ་གྱི་བདག་ཉིད་དུ་མཛད་ཡོད། དེ་ཡང་། ལེའུ་དང་པོ་གླེང་གཞིའི་སྐོར། ལེའུ་གཉིས་པ་ཉན་ཐོས་སོ་ཐར་སྡོམ་པའི་སྐོར། གསུམ་པ་བྱང་སྡོམ་སེམས་བསྐྱེད་སྐོར། བཞི་པ་སྔགས་སྡོམ་འབྲས་བུའི་ཐེག་པ་གསང་སྔགས་གསར་མའི་སྐོར། ལྔ་པ་གསང་སྔགས་རྙིང་མའི་དབང་རྗེས་མན་ངག་ལུང་གི་སྐོར། དྲུག་པ་སྤྱི་བཀའ་ཟུར་བཀའི་རྗེས་གནང་གི་སྐོར། བདུན་པ་མན་ངག་ཁྲིད་ཀྱི་སྐོར། བརྒྱད་པ་བཀའ་འགྱུར་ལུང་གི་སྐོར། དགུ་པ་བསྟན་འགྱུར་ལུང་གི་སྐོར། བཅུ་པ་བོད་གཞུང་དཔལ་ས་སྐྱ་པའི་བཀའ་འབུམ་སྐོར། བཅུ་གཅིག་པ་བོད་གཞུང་སྣ་ཚོགས་ཀྱི་སྐོར། བཅུ་གཉིས་པ་རིག་གནས་སྣ་ཚོགས་ཀྱི་སྐོར། བཅུ་གསུམ་པ་བསྔོ་སྨོན་བཀྲ་ཤིས་ཀྱི་སྐོར་བཅས་ལེའུ་བཅུ་གསུམ་དུ་བསྡུས་ཏེ་གསུངས་ཡོད་ལ། འདིའི་ནང་དུ། གསན་ཡིག་ཙམ་མིན་པར། དཔལ་ལྡན་རྫོང་པ་དང་། གོང་དཀར་བའི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཟབ་ཆོས་དུ་མའང་འདིར་གསལ་བ་ནི། དཔེར་ན། རྫོང་པའི་ལམ་འབྲས་སྐོར་དང་། བིར་ཝ་པ་ནས་ཀུན་མཁྱེན་རྡོ་རྗེ་གདན་པ་ཆེན་པོ་ལ་ཤིན་ཏུ་ཉེ་བརྒྱུད་དུ་བསྩལ་བའི་ལམ་འབྲས་སོགས་ཀྱི་སྐོར་དུ་མ་ཞིག་ཀྱང་གསལ་བར་སྣང་ངོ་།
ཕྱག་དཔེ་འདིར་ཤོག་གྲངས་༤༡༥ ཡོད་པ་དང་། དེ་སྔོན་གོང་དཀར་ཆོས་སྡེ་ན་བྲིས་མ་ཞིག་སྣང་བ་དང་། དེ་རྗེས་རྒྱལ་ཡོངས་ས་ཆེན་དཔེ་སྐྲུན་ཁང་ནས། ཕྱི་ལོ་༢༠༡༨ ལོར་དེབ་གཟུགས་སུ་སྤར་སྐྲུན་ཞུས།
p>. གོང་དཀར་དགའ་བས། [version: 2018-05-10]