ཀུན་རིག་གི་ཆོ་ག་གསལ་བྱེད།

ཕྱིའི་དྲྭ་སྦྲེལ།

SRC ID: S924

པོད་དང་ཤོག་གྲངས།

ff. 1a-33a

དཔེ་གཞི།

དཔེ་གཟུགས། (བྲིས་མ་དབུ་མེད།)

བཀོད་པ།

  • Lines per folio: 7
  • Annotations to the text: with annotations

མཇུག་བྱང་།

f. 32a6: ཀུན་རིག་གི་ཆོ་ག་གཞན་ཕན་གསལ་བྱེད་ཅེས་བྱ་བ་འདི་ནི། བླ་མ་ཆེན་པོ་གྲགས་པ་འོད་ཟེར་གྱིས་མཛད་པའི་ཆོག་ཁྲིགས་ཀྱི་སྟེང་ནས། རྗེ་བཙུན་པད་ང་མི་མཐུན་པ་རྣམས་ལ་ཞུ་དག་ཅུང་ཟད་དགེ་སློང་བྱང་སེང་གི་བྱས་སོ། །སླར་ཡང་ཚིག་སྲད་ཅུང་བདེ་བར་བཅོས་ཤིང་གླིང་གཞིའི་ཚིག་དང་སྤྱན་འདྲེན་གྱི་མཆོད་པ་ལ་སོགས་པ་བསྣན་ཏེ་བླ་མའི་ཞབས་ཏོག་ལ་དམིགས་ནས། བཙུན་པ་ཀུན་དགའི་མིང་ཅན་གྱིས་ཅུང་ཟད་རྒྱས་པར་བྱས་ལ། གོ་དོན་ཆན་རྣམས་ཀྱང་རྒྱ་གཞུང་དང་། རྗེ་བཙུན་གྱི་གསུང་ལ་བརྟེན་ནས། བདག་གིས་སྐབས་ལ་གང་བབ་སྦྱར་བ་ལགས་སོ། །བསྟན་པ་རིན་པོ་ཆེ་དང་། སེམས་ཅན་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །

f. 32b6: ཀུན་རིག་གི་ཟིན་ཆན་འདི་ནི། རྒྱུད་དང་། རྒྱ་གཞུང་དང་། རྗེ་བཙུན་གྱི་མཛད་པའི་རྡོ་རྗེ་འབྱུང་བའི་ཊི་ཀ་དང་། སྦྱོང་རྒྱུད་སྤྱི་ཆིངས་དང། ཆན་དང་བླ་མའི་གསུང་སྒྲོས་ལ་བརྟེན་བཙུན་པ་ཀུན་དགའི་མིང་ཅན་གྱིས། དཔལ་ས་སྐྱའི་དབུ་རྩེ་རྙིང་མར་སྦྱར་བའི་དགེ་བས། སེམས་ཅན་ཐམས་ཅད་ཀྱི་རྡོ་རྗེ་འཛིན་པའི་ས་ཐོབ་པར་གྱུར་ཅིག །

f. 33a: སྭ་སྟི། འགྲོ་ཀུན་དགའ་མཛད་མཚན་དཔེའི་བཀྲ་ཤིས་མང་། ཆོས་རྒྱལ་མཚན་དོན་ལྡན་པའི་དཔལ་བཟང་པོ། །ཁྱེད་སྐུ་ལྷུན་པོ་ལྟ་བུར་རབ་བརྟན་ཅིང་། །མཛད་པ་ཆུ་བོའི་རྒྱུན་ལྟར་རིང་བ་དང་། །ཕྲིན་ལས་རྡོ་རྗེའི་ཤུགས་ལྟར་ཐོགས་མེད་པས། །རྒྱལ་བའི་བསྟན་པ་དཀར་པོ་སྐྱོང་གྱུར་ཅིག །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ། །ཆོས་རིན་བདག་གི་སུག་རྗེས་ལགས་ཏེ། །ལག་པ་བདར། དགེ་ལེགས་འཕེལ་བར་གྱུར་ཅིག །

ཞུ་སྒྲིག་འགྲེལ་བརྗོད།

སཾ་བྷོ་ཊའི་དབོན་བརྒྱུད་དཔེ་ཚོགས་ཀྱི་ཆོས་ཚན་དཀར་ཆག་ནང་མི་འདུག

སྐྱེས་བུ།

རྩོམ་རིགས།

བརྗོད་གཞི། ལྷ།

པར་སྐྲུན།