དཔལ་མགོན་མ་ཧཱ་ཀཱ་ལ་ཞལ་བཞི་པའི་མན་ངག་ཤིན་ཏུ་ཟབ་པའི་གདམས་པ་ཁྱད་པར་ཅན།

ཕྱིའི་དྲྭ་སྦྲེལ།

SRC ID: S965

པོད་དང་ཤོག་གྲངས།

ff. 1a-68a

དཔེ་གཞི།

དཔེ་གཟུགས། (བྲིས་མ་དབུ་མེད།)

ཟུར་མཆན།

entry holds multiple texts, cf. outline

བཀོད་པ།

  • On title page: the full title on the title folio reads དཔལ་མགོན་མ་ཧཱ་ཀཱ་ལ་ཞལ་བཞི་པའི་མན་ངག་ཤིན་ཏུ་ཟབ་པའི་གདམས་པ་ཁྱད་པར་ཅན་བཞུགས་སོ༎ རང་ལ་མ་དྲིས་པར། གཞན་གྱིས་ལན་ངག་སྐུས་པ་དང་། པོ་ཏི་འདི་ཕྲལ་བ་སོགས་བྱུང་ན། དཔལ་མགོན་གཉན་པོས་མ་ཐོགས་པར་ཆད་པ་ཆོད་ཅིག། འཁོན་ས་སྐྱ་པ་བློ་གྲོས་ཀྱི་མིང་ཅན་གྱི་ཟབ་ཆོས་ཏེ། ཀུན་གྱི་ཐུན་མོང་མ་ཡིན་ནོ༎
  • On margin: ཧུཾ
  • Lines per folio: 7
  • Annotations to the text: with annotations

མཇུག་བྱང་།

f. 67b5: ཕག་གི་ལོ། ས་གའི་ཟླ་བའི་ཉ་གང་བའི་ཉིན་པར། སངས་རྒྱས་ཀྱི་བསྟན་པ་དང་། བསྟན་པའི་མངའ་བདག་དམ་པ་ཡུན་རིང་དུ་གནས་པར་གྱུར་ཅིག་སྙམ་དུ་བསམས་ནས། སྲུང་མ་རྣམས་ལ་གསོལ་བ་བཏབ་པའི་ཉིན། དཔལ་ས་སྐྱར། བཙུན་པ་གཟུངས་ཀྱི་མིང་ཅན་གྱིས་སྦྱར་རོ། །ཐུན་གསུམ་བརྟེན་ཅིང་མཆོད་པའི་སྲུང་མ་ཁྱོད། །ཁམས་གསུམ་སེམས་ཅན་བདེ་བ་བསྐྱེད་པའི་ཕྱིར། །དུས་གསུམ་རྒྱལ་བས་བཀའ་བསྒོ་ཞལ་བཞེས་པའི། །ཐུགས་དམ་རྣམ་གསུམ་ལྡན་པ་དགོངས་སུ་གསོལ། །ཐེགས་གསུམ་བསྟན་པའི་ཆོམ་རྐུན་དགྲ་བོ་འདིས། །བཀའ་དྲིན་གསུམ་ལྡན་བླ་མའི་སྐུ་དགྲ་བྱས། །རྒྱུད་སྡེ་གསུམ་གྱི་སྲུང་མ་ཁྱེད་ལ་བརྙས། །དུས་གསུམ་དྲེགས་པའི་དགྲ་བོ་འདི་སྒྲོལ་ཅིག །སྐུ་གསུམ་རྟེན་རྣམས་བརྙས་ཤིང་རྣམ་པར་གཤིག །རིམ་གསུམ་ཆོས་ཀྱི་འཁོར་ལོ་ཉམས་པར་བྱས། །བསླབ་གསུམ་ལྡན་པའི་དགེ་འདུན་བསད་ཅིང་ཕྱེ། །དཀོན་མཆོག་གསུམ་གྱི་དགྲ་འདི་བརླག་པར་མཛོད། །

བརྗོད་བྱ་སྙིང་བསྡུས།

  • མགོན་པོ་ཞལ་བཞི། practice collection belonging to བདག་ཆེན་ངག་དབང་ཀུན་དགའ་བློ་གྲོས། (1729–1783) Ⓢ

  • དཔལ་མགོན་ཞལ་བཞི་པའི་གདམས་པ་གཉན་ལོ་ནས་བརྒྱུད་ཕྱོགས་གཅིག་ཏུ་བསྡེབས་པ་འདིའི་ནང་གཉན་ལོ་ཙ་བ་གཙོ་བོར་གྱུར་པའི་གནང་ཁའུ་པ་དང་། ཆོས་རྗེ་ཁུ་དབོན། སྔགས་འཆང་གཟུངས་པའི་ཞལ་བཞི་པའི་གསུང་ཡོད་ཅིང་། དབུ་ཤོག་ཏུ་ས་ཆེན་ཀུན་དགའ་བློ་གྲོས་ཀྱི་ཟབ་ཆོས་ཏེ་ཀུན་གྱི་ཐུན་མོང་མ་ཡིན་ནོ། །ཞེས་གསལ་བས་ས་ཆེན་ཀུན་བློའི་ཐུགས་དམ་ཡིན་པར་སྣང་ངོ། ། Ⓢ

ཞུ་སྒྲིག་འགྲེལ་བརྗོད།

སཾ་བྷོ་ཊའི་དབོན་བརྒྱུད་དཔེ་ཚོགས་ཀྱི་ཆོས་ཚན་དཀར་ཆག་ནང་མི་འདུག

སྐྱེས་བུ།

རྩོམ་རིགས།

བརྗོད་གཞི། ལྷ།

པར་སྐྲུན།