རྫོང་པ་རིག་མཛོད་ལས་གཞི།

h2. ལས་གཞིའི་ངོ་སྤྲོད།

རྫོང་པ་རིག་མཛོད་ཞེས་པའི་དྲྭ་ཚིགས་འདི་ནི། དེང་གི་ཆ་འཕྲིན་ལག་རྩལ་བརྒྱུད་རྫོང་པའི་ཆོས་བརྒྱུད་དང་འབྲེལ་བའི་དཔེ་རྒྱུན་འཚོལ་ཞིབ་བྱས་པ་རྣམས་དཀར་ཆག་བཀོད་ནས་ཕྱོགས་གཅིག་ཏུ་ཉར་ཚགས་བྱེད་རྒྱུའི་ཆེད་དུ་དམིགས་པ་དང་། དཀར་ཆག་དང་། ཞིབ་འཇུག་གི་གྲངས་མཛོད་འདི་ལ་བརྟེན་ནས་དོན་གཉེར་ཅན་རྣམས་ཀྱིས་སྟབས་བདེའི་ཐོག་རྫོང་པའི་ཆོས་བརྒྱུད་སྐོར་ཤེས་རྟོགས་དང་ཞིབ་འཇུག་གནང་ཐུབ། འདིའི་ནང་གཙོ་བོ་ས་སྐྱའི་དཔེ་རྙིང་དང་ཁྱད་པར་རྫོང་ལུགས་དང་འབྲེལ་བའི་དཔེ་རྙིང་འཕྲུལ་ཆས་ཀྱིས་སྔར་གྱི་མ་དཔེ་ཇི་བཞིན་པར་སློག་ཞུས་པ་རྣམས་ཉར་ཚགས་ཞུས་པ་དང་། དེ་དག་ཀྱང་བྲིས་མ་དང་། པར་མ་མི་འདྲ་ཇི་ཡོད་དང་། དེའི་སྟེང་ཕྱིས་སུ་རྩོམ་སྒྲིག་པར་སྐྲུན་ཞུས་པ་རྣམས་ཀྱང་ཉར་ཚགས་ཞུས་ཡོད། གཞན་ཡང་རྫོང་པའི་ཆོས་བརྒྱུད་དང་འབྲེལ་བའི་བྲིས་འབུར་གྱི་སྐུ་བརྙན་རིགས་སྤྱི་དང་། ཁྱད་པར་གོང་དཀར་མཁྱེན་བརྩེ་ཆེན་མོའི་ལུགས་ཀྱི་བྲིས་འབུར་གྱི་སྐུ་བརྙན་རྣམས་ཀྱང་ཉར་ཚགས་བྱེད་བཞིན་ཡོད།་ འདིའི་ནང་འཁོད་པའི་དཀར་ཆག་ནི་འཇམ་དཔལ་བཤད་སྒྲུབ་དང་། བློ་གསལ་དོན་གྲུབ་ཀྱིས་སྒྲིག་པར་གཞི་བཟུང་བ་དང་། ཀ་ཁའི་གོ་རིམ་བཞིན་སྒྲིག་སྟེ། དཔེ་ཆ་རྙེད་པ་རྣམས་ཀྱི་མཇུག་བྱང་ཡང་བྲིས་ཡོད། འདི་ནང་གསུང་རབ་ཀྱི Icon ཚོན་མི་འདྲ་བ་གསུམ་ལས། ནག་པོས་ད་ལྟ་རྙེད་ཟིན་པ་དང་། སྔོན་པོས་པར་སྐྲུན་ཟིན་པ། དམར་པོས་བོར་བརླག་སོང་བ་བཅས་མཚོན་ཞིང་། དཔེ་རྙིང་རྙེད་པ་རྣམས་ནི། གོང་དཀར་ཆོས་སྡེ་དང་། ལུ་ཕུ་དགོན། ན་ལེནྡྲ། ས་སྐྱ། རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་དང་། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས། འབྲས་སྤུངས་གནས་བཅུ་ལྷ་ཁང་སོགས་ནས་བྱུང་ཡོད། རྙེད་སོན་མ་བྱུང་བ་ནི། ས་སྐྱའི་ཆོས་བརྒྱུད་དང་། རྫོང་པའི་བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་དང་། གསན་ཡིག དཀར་ཆག་སོགས་སུ་མཚན་འཁོད་པ་ད་ལྟ་རྙེད་སོན་མ་བྱུང་རྣམས་ཡིན། དཔེ་སྐྲུན་ཟིན་པ་ནི། ཉེ་འཆར་བོད་དུ་གོང་དཀར་ཆོས་སྡེ་དགོན་ནས་སྤར་སྐྲུན་ཟིན་པའི་རྫོང་པའི་ཆོས་སྐོར་ཕྱོགས་སྒྲིག་པོད་སུམ་བཅུ་དང་། དེ་བཞིན་སམ་བྷོ་ཊ་དབོན་རྒྱུད་དཔེ་ཚོགས། ཆོས་རྗེ་བླ་མ་དམ་པའི་གསུང་འབུམ་བཅས་གཙོ་བོར་བྱས་པ་ཡིན། དྲ་ཚིགས་ཀྱི་ལས་འཆར་འདིའི་ཆེད་རྒྱ་གར་དབུས་རིག་གཞུང་ལྷན་ཁང་[Indian Ministry of Culture] ནས་རོགས་རམ་གནང་བ་དང་། དེ་བཞིན་ཨོ་སི་ཊི་ལི་ཡ་སྤྱི་ཚོགས་ཚན་རིག་ཁང་[Austrian Academy of Sciences]་ནས་རོགས་རམ་གནང་ཞིང་། ལས་གཞི་འདིའི་འགན་འཁུར་དང་། ཕྱག་ལས་གཙོ་བོ་གནང་མཁན་ནི། བོད་རིག་པའི་ཞིབ་འཇུག་པ་སྐུ་ཞབས་Mathias Fermer དང་། བློ་གསལ་དོན་གྲུབ། འཇམ་དཔལ་དགའ་བ་བཅས་ཡིན་ཞིང་། མཚན་མི་འཁོད་པ་བོད་ནས་ཕྱག་རོགས་ཆེན་པོ་གནང་བ་བཅས་ལས་གྲུབ།

p>. གོང་དཀར་ཆོས་སྡེ་ནས་གུས་ཕུལ།

h2. སྒྲིག་ཚུལ།

p.

|.གསུང་རབ་ཀྱི་ཞལ་ཚོན།|| |!http://gongkar.org/DLP/iconred!| = མ་དཔེ་མ་རྙེད།| |!http://gongkar.org/DLP/icon_black!| = དཔེ་རྙིང་བཞུགས།| |!http://gongkar.org/DLP/icon_blue.jpg!| = པར་སྐྲུན་ཟིན།|


|_.བསྡུས་ཡིག|| |acc. | = གཞིར་བཟུང་སྟེ།| |bet. | = བར་ལ་| |c. | = ཙམ།| |ch. | = ལེའུ།| |cent. | = དུས་རབས།| |cf. | = འདིར་གཟིགས།| |chin. | = རྒྱ་ནག་གི་| |dig. | = གློག་རྡུལ་གྱི་| |ed./eds. | = ཕྱོགས་སྒྲིག་ཞུ་མཁན།| |etc. | = ལ་སོགས་པ་| |et al. | = གཞན་དང་ལྷན་དུ་| |f./ff. | = ཤོག་གྲངས།| |fl. | = གནས་བཞིན་པའི་སྐབས།| |ms. | = བྲིས་མ།| |no./nos. | = ཨང་གྲངས།| |SRC | = ས་སྐྱ་ཞིབ་འཇུག་ཁང་།| |xyl. | = པར་མ།|


|_.ཕབ་བཤུ་བྱེད་ཚུལ།|| | {...} | = མཛད་པ་པོའི་མཆན་བུ་རྣམས་གུག་རྟགས་འདིའི་ནང་བཀོད་ཡོད། | | (=...) | = དག་ཆ་ནོར་བ་རྣམས་བཟོ་བཅོས་མ་བྱས་པར་བརྡ་སྤྲོད་དང་མཐུན་པ་རྒྱབ་ཀྱི་གུག་རྟགས་ནང་བྲིས་ཡོད། | | [...] | = ཞུ་སྒྲིག་པའི་འགྲེལ་བརྗོད་གུག་རྟགས་འདིའི་ནང་བཀོད་ཡོད། | | ? | = ཡི་གེ་མི་གསལ་བ་དང་། ཐེ་ཚོམ་ཡོད་པ་རྣམས་ལ་དྲི་རྟགས་བཀོད་ཡོད། |

h2. རོགས་དངུལ།

The Dzongpa Literature Project (DLP) is based at "Gongkar Choede Monastery":http://gongkar.org in Dehradun, India. The project has been pursued in cooperation with the "Institute for the Cultural and Intellectual History of Asia":http://www.ikga.oeaw.ac.at (IKGA) of the "Austrian Academy of Sciences":http://www.oeaw.ac.at/en/austrian-academy-of-sciences/ in Vienna (Austria). The development of the DLP web tool was through generous funds provided by the "Ministry of Culture, Government of India":http://www.indiaculture.nic.in/ under the Scheme for Developing Buddhist/Tibetan Culture and Arts (2015-2016) and the Austrian Science Fund (FWF): "F42 Visions of Community":https://www.fwf.ac.at/de/wissenschaft-konkret/im-fokus-schwerpunkte/f42-walterpohl/.