ལམ་འབྲས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་སྣང་བ།

ཕྱིའི་དྲྭ་སྦྲེལ།

SRC ID: S1242

པོད་དང་ཤོག་གྲངས།

ff. 1a-47b

དཔེ་གཞི།

དཔེ་གཟུགས། (བྲིས་མ་དབུ་མེད།)

མཇུག་བྱང་།

f. 47b: དེ་ལྟར་བླ་མའི་གསུང་དང་དམ་པའི་ངག །བརྒྱུད་པའི་ཚིག་ལ་རིགས་པས་ལེགས་དཔྱད་ནས། །མཐའ་གཉིས་སྤངས་ཏེ་བརྒྱུད་པའི་བླ་མ་ཡི། །མཛད་སྤྱོད་རྨད་བྱུང་ངོ་མཚར་དཔག་ཡས་ལས། །ཆེ་ལོང་ཙམ་ཞིག་བསྡུས་ནས་འདིར་བཀོད་དོ། །དམ་པའི་ཡོན་ཏན་གཏིང་མཐའ་མི་དཔོགས་ཤིང་། །བདག་བློ་སྲིན་བུ་མེ་ཁྱེར་ལྟ་བུ་ཡིས། །མོས་པའི་བློ་ཡིས་ཅུང་ཟད་དཔྱད་པ་ལ། །ནོངས་པ་གང་དེ་བླ་མའི་ཚོགས་ལ་བཤགས། །དགེ་བས་རྟག་ཏུ་བླ་མའི་ཞབས་པད་མོར། །གུས་པས་བརྟེན་ཞིང་དེ་དག་ཐུགས་རྗེ་ཡིས། །ཉེ་བར་བཟུང་སྟེ་སངས་རྒྱས་བགྲོད་པར་ཤོག །བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་ལས་ཀྱང་ཆེས་ངོ་མཚར་དུ་སྣང་བ་ཞེས་བྱ་བ་འདི་ནི། ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས། ཉི་སྒྲོལ་གྱི་ལོ་ས་ག་ཟླ་བའི་ཉེར་གསུམ་ལ་ཁའུ་སྐྱེད་ལྷས་ཀྱི་དགོན་པར་སྦྱར་བའི་ཡི་གེ་པ་ནི་དགེ་བའི་བཤེས་གཉེན་ཤེས་རབ་རྡོ་རྗེས་བགྱིས་ཏེ། མཐར་ཕྱིན་པར་གྲུབ་པ་ས་མ་པཱ་ཐ་མི་ཐི། འདིས་ཀྱང་བསྟན་པ་དང་མཐའ་ཡས་པའི་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །

སྐྱེས་བུ།

རྩོམ་རིགས།

བརྗོད་གཞི། ལྷ།

པར་སྐྲུན།