མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

Source: HAR 65115

མིང་གཞན།

  • རྩང་བྱམས་པ་རྡོ་རྗེ་རྒྱལ་མཚན
  • ཆོས་ཀྱི་རྗེ་མུས་སྲད་པ་བྱམས་པ་རྡོ་རྗེ་རྒྱལ་མཚན
  • གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན
  • མཁས་པའི་དབང་པོ་གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན
  • པཎ་ཆེན་ཐམས་ཅད་མཁྱེན་པ

ཕྱིའི་དྲྭ་སྦྲེལ།

SRC ID: P208
TBRC ID: P5302

ལོ་དུས།

  • འཁྲུངས་ལོ།: 1424
  • འདས་ལོ།: 1498

རྣམ་ཐར་བསྡུས་པ།

རྗེ་བཙུན་མུས་སྲད་པ་ཆེན་པོ་རྡོ་རྗེ་རྒྱལ་མཚན་ནི། འཇམ་མགོན་ཨ་མྱེས་ཞབས་(༡༥༩༧-༡༦༥༩) ཀྱིས། [1]

འཛམ་བུའི་གླིང་འདིར་ཐུབ་དབང་ཟས་གཙང་སྲས། །སླར་ཡང་བྱོན་པ་ལྟ་བུའི་འགྲོ་བའི་མགོན། །
ས་སྐྱའི་བླ་ཆེན་ཡབ་སྲས་ཁུ་དབོན་བཅས། །བཀའ་དྲིན་དྲན་པས་སླར་ཡང་ལན་བརྒྱར་འདུད། །
གང་གི་བསྟན་འཛིན་མཁའ་ལ་ཉི་ཟླ་ལྟར། །འཛིན་མའི་ཁྱོན་འདིར་ངོར་རྫོང་རྣམ་གཉིས་ཞེས། །
སྙན་གྲགས་སྐྱེ་བོ་ཀུན་གྱི་ཁར་རྒྱུ་བའི། །འགྲན་བྲལ་སྐྱེས་བུའི་མཆོག་རྣམས་བསྔགས་པར་འོས། །

ཞེས་བསྔགས་པའི་དཔལ་ས་སྐྱ་པའི་བསྟན་འཛིན་གྱི་ཁྱུ་མཆོག་ངོར་རྫོང་གཉིས་སུ་གྲགས་པའི་ཡ་གྱལ་དཔལ་ལྡན་རྫོང་པའི་བསྟན་འཛིན་གྱི་སྐྱེས་བུ་ཞིག་ཡིན་ལ། ལུང་རིགས་ལ་མི་འཇིགས་པའི་སྤོབས་པ་དང་ལྡན་པས་ལྟ་གྲུབ་དང་། ལོ་རྒྱུས་སྨྲ་བ་ [2] ལ་བསྒྲུན་དུ་མེད་པའི་མཁས་གྲུབ་ཆེན་པོ་ཞིག་ཀྱང་ཡིན། དེ་ཡང་མཁས་གྲུབ་ཆེན་པོ་སྒྱི་ཆུ་བ་བུདྡྷ་ཤྲཱི་ཡི་ཞལ་སྔ་ནས།

མདོ་རྒྱུད་མན་ངག་བསྟན་བཅོས་ཀུན་གྱི་དོན༎
ཇི་བཞིན་རྟོགས་ནས་གཞན་དྲིང་མི་འཇོག་པའི༎
འཁྲུལ་མེད་སྨྲ་བའི་དབང་པོ་མུས་སྲད་པ༎
ལས་སྐལ་བསགས་རྒྱབ་ཅན་གྱི་གཙུག་ཏུ་མཆོད༎

ཅེས་ [3] དང་། འཇམ་མགོན་ཨ་མེས་ཞབས་ངོར་རྫོང་རྣམ་བཤད་ལས། གཡོ་དམར་གཙང་གསུམ་སོགས་དགེ་བའི་བཤེས་གཉེན་གྱི་རིགས་སུ་འཁྲུངས་པ་དང་། ས་ལམ་གྱི་ཡོན་ཏན་ཕལ་ཆེར་བགྲོད་དེ་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ནས་གངས་ཅན་ལྗོངས་སུ་སྐྱེས་བ་བཞེས་པ། རྡོ་རྗེ་ཐེག་པ་ལ་མཁས་པའི་མཆོག་ཏུ་གྱུར་པ། ཁྱད་པར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཁུ་དབོན་རྣམས་ཀྱི་གསུང་རབ་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་ནས་འགལ་མེད་དུ་རྟོགས་ཤིང་འཁྲུལ་མེད་དུ་སྨྲ་བའི་སྤོབས་པ་ཅན། རྣལ་འབྱོར་གྱི་དབང་ཕྱུག་གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པ་དེ་ཉིད། ཅེས་ [4] ཡང་ཡང་བསྔགས་པའི་སྐྱེས་བུ་འདི་ནི། ཤིང་ཕོ་འབྲུག ཕྱི་ལོ་ ༡༤༢༤ ལོར་ཆག་སྐྱར་སྐྱའི་ཕུའི་འབྲོག་གསེབ་ཏུ་སྐུ་འཁྲུངས་ཤིང་། མཚན་གཞན་ལ། རྩངས་བྱམས་པ་རྡོ་རྗེ་རྒྱལ་མཚན། རྫོང་ཆུང་བ་བྱམས་པ་རྡོ་རྗེ་རྒྱལ་མཚན་ཞེས་པ་སོགས་མཚན་མང་། [5] རྗེ་འདི་སྐུ་ན་ཆུང་དུས་ནས་མངའ་རིས་གུང་ཐང་དུ་སྤྱན་དྲངས་ཤིང་། དགུང་ལོ་བརྒྱད་ལ་གླང་འཁོར་བ་མཉྫུ་ཤྲི་ལས་རབ་ཏུ་བྱུང་། དགུང་ལོ་དགུ་པ་ལ། ཤ་ར་བའི་དངོས་སློབ་ཀུན་སྨོན་མཛེས་པའི་དཔལ་གྱིས་བཏབ་པའི་དགོན་པ་མུས་སྲད་ཀྱི་གདན་ཁྲིར་ཕེབས། ཆོས་རྗེ་ཡོན་ཏན་བཟང་པོ་དང་། བླ་ཆེན་ཆོས་དཔལ་བཟང་པོ་(༡༤༣༡-༡༤༩༩) སོགས་ལས་ས་སྐྱ་པའི་གསུང་རབ་དྲི་མ་མེད་པ་ཐུགས་ལ་སྨིན་པར་མཛད། དགུང་ལོ་བཅོ་བརྒྱད་པ། ལྕགས་མོ་བྱ། ཕྱི་ལོ་༡༤༤༢ ལོར། ངམ་རིངས་ཀྱི་ཆོས་གྲྭར་རྡོ་རྗེ་འཆང་ཨཱ་ནན་ཏ་མ་ཏི་(༡༣༧༢-༡༤༥༤) དང་། མཉམ་མེད་དཔལ་ལྡན་ཆོས་སྐྱོང་།་(༡༣༥༠-༡༣༩༢) ་རིན་ཆེན་ཆོས་སྡེ་ལེགས་པ་སོགས་ཀྱི་ཞབས་ལ་བསྟེན་ཏེ། གུར་སཾ་སྦྱོང་རྒྱུད། ལམ་འབྲས་སོགས་གསན། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་ལས་བསྙེན་པར་རྫོགས། དགུང་ལོ་ཞེ་དགུ་པར་དཔལ་ལྡན་ས་སྐྱར་བྱོན། ཐོག་མར་ས་སྐྱ་སྨན་གྲོང་དུ། ཞི་ཁྲོ་སོགས་རྙིང་མའི་ཆོས་འཁོར་མང་དུ་བསྐོར། གྲང་མོ་ཆེ་པའི་བརྒྱ་དཔོན་ཆོས་རྗེ་ཀུན་བསམ་པས། བླ་མ་མཉམ་མེད་པ་དང་། ཆོས་རྗེ་གཟུངས་དཔལ་(༡༣༠༦-༡༣༨༩)ནས་བརྒྱུད་པའི་ཆོས་རྒྱུད་དྲི་མ་མེད་པ་བཞུགས་པར་དགོངས་ནས་བླ་བྲང་ཆེ་མོར་སྤྱན་དྲངས་པར་བརྟེན་དགུང་ལོ་ལྔ་བཅུ་པ་ནས་ཞི་བར་གཤེགས་ཀྱི་བར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཟབ་དོན་ཉམས་བཞེས་དང་། འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པས། མདོ་རྒྱུད་མན་ངག་སྤྱི་དང་ཁྱད་པར་དཔལ་ལྡན་ས་སྐྱ་པའི་བཀའ་འབབ་རྣམ་བཞིའི་གདམས་པ་སྐྱོང་བའི་འགྲན་བྲལ་རྗེས་འབྲངས་མཁས་གྲུབ་རྣམ་བཞིའི་ [6] ཡ་གྱལ་དུ་གྱུར་པ་དང་། རྗེ་འདི་ནས་བརྒྱུད་པའི་དབང་ལུང་མན་ངག་ཀྱི་བརྒྱུད་པའི་ཟབ་ཁྱད་ནི། ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོས། ཨེ་ཝཾ་པ་ནི་བསྡུས་ལ་སྤྲོས་པ་ཆུང་། །མུས་སྲད་པ་ནི་དཀར་ཆག་ཁྲིགས་ཆགས་ཅན། །རྡོ་རྗེ་གདན་པ་འཆམ་དང་ནུས་པའི་བདག །
ཁོ་བོས་ཐོབ་པའི་ཐུན་མོང་བརྒྱུད་པ་གསུམ། [7] ཞེས་གསུངས་པས་གསལ་པོར་རྟོགས་ཐུབ་ལ། ལྷག་པར་དུ་རྗེ་འདིའི་ཆོས་རྒྱུན་ད་ལྟའང་རྒྱུན་མ་ཆད་པར་དཔལ་ལྡན་ས་སྐྱའི་ཆོས་རྒྱུན་གྲགས་ཆེ་བ་བཞིའི་ཡ་གྱལ་དུ་བཞུགས་པ་ནི།་སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེའི་གསན་ཡིག་རིན་ཆེན་ནོར་བུའི་ཕྲེང་བ་ལས། [8] ཇི་སྐད་དུ། དེ་དག་ལས་འོངས་སོ་སོའི་ངོས་འཛིན་ནི། །ངོར་ལུགས་ཡི་གེ་ཨེ་ཡི་རྟགས་ཀྱིས་མཚན། །རྡོ་རྗེ་གདན་པ་ལས་བྱུང་རྡོ་རྗེའི་རྒྱ། །མུས་སྲད་པ་ནི་ཡི་གེ་མུ་ཡིས་རྒྱ། །བདག་ཆེན་རྡོ་རྗེ་འཆང་དབང་ལས་བརྒྱུད་པའི། རྩ་བའི་ཡི་གེ་མཆོད་རྟེན་རྒྱ་ཡིས་མཛེས། །ཐོར་བུ་གཞན་དག་མཆན་བུ་བཏབ་པས་ཤེས། །ཞེས་གསུངས་པ་ལྟར། ངོར་ཆེན་རྡོ་རྗེ་འཆང་གི་ལུགས་དང་། ཀུན་མཁྱེན་རྡོ་རྗེ་གདན་པའི་ལུགས། རྗེ་བཙུན་མུས་སྲད་པའི་ལུགས། བདག་ཆེན་རྡོ་རྗེ་འཆང་གི་ལུགས། ཞེས་བཀའ་བབས་ཆེ་བ་བཞིའི་ཡ་གྱལ་དུ་བཞུགས་སུ་གསོལ་བ་ལ་སོགས་དཔལ་ས་སྐྱའི་བསྟན་པ་རིན་པོ་ཆེར་བཀའ་དྲིན་ཆེ་བ་ལ་བརྟེན་ནས། རྫོང་ཆེན་ཀུན་དགའ་རྣམ་རྒྱལ་གྱིས་རྗེ་འདི་ཉིད་དཔལ་ལྡན་ས་སྐྱའི་བསྟན་འཛིན་དུ་མངའ་གསོལ་བའི་ཞུ་ཡིག་ཞིག་ཀྱང་འབུལ་ [9] གནང་མཛད། དེ་ལྟ་བུའི་སྐྱེས་བུ་ཆེན་པོ་འདི་ཉིད་ཀྱི་གསུང་ལས་སྐྱེས་པའི་སློབ་མ་ཡང་། བདག་ཆེན་རྒྱ་གར་བ་ཤེས་རབ་རྒྱལ་མཚན། བདག་ཆེན་བསོད་ནམས་རྒྱལ་མཚན། མུས་ཆེན་རྣམ་རྒྱལ་བཟང་པོ། ཆོས་རྗེ་བློ་གྲོས་རྒྱལ་མཚན། ཇོ་ནང་པ་ཆོས་སྐྱོང་། བོ་དོང་བཀའ་བཅུ་པ་ཆོས་རིན་ལ་སོགས་པ་མང་དུ་བསྐྱངས་ཤིང་། མཐཪ་དགུང་གྲངས་དོན་ལྔ་པ། ཕྱི་ལོ་ ༡༤༩༨ ལོར་དཔལ་ལྡན་ས་སྐྱའི་གྲང་མོ་ཆེ་དེ་ཉིད་དུ་སྐུ་གཤེགས་སོ། །
གསུང་རྩོམ་ནི། རྗེ་འདིས་ལྟ་གྲུབ་ཀྱི་གཞུང་དང་། ཆོས་འབྱུང་། རྣམ་ཐར། བསྟན་རྩིས་སོགས་གསུང་རྩོམ་མང་པོ་མཛད་པ་ལས། ལྟ་གྲུབ་འབྲེལ་བའི་གསུང་རྩོམ་གྱི་རིམ་པ་ཕལ་ཆེ་བ་བཞི་ཚན་དུ་བསྒྲིགས་ཏེ་ལྗགས་རྩོམ་མཛད་པ་ནི། རྣམ་བཤད་ཆུ་རྒྱུན་ལོག་པར་རྟོག་པའི་དྲི་མ་འཁྲུད་བྱེད། རྣམ་པར་བཤད་པ་ཆུ་རྒྱུན་གཉིས་པ། རྣམ་པར་བཤད་པ་ཆུ་རྒྱུན་བཞི་པ་སོགས་ཆུ་རྒྱུན་རྣམ་བཞི་དང་། གསལ་བྱེད་བཞི་ནི། རྒྱུད་གསལ་བྱེད། མན་ངག་གསལ་བྱེད། ལག་ལེན་གསལ་བྱེད། སྤྱི་འགྲོས་གསལ་བྱེད་བཅས་གསལ་བྱེད་རྣམ་བཞི། སྒྲུབ་པ་བཞི་ནི། བླ་མ་འཕགས་པ་སྒྲུབ་པ། བླ་མ་དམ་པ་སྒྲུབ་པ། ཕྱག་ལེན་སྒྲུབ་པ། བཀའ་སྒྲུབ་པ་སྟེ་སྒྲུབ་པ་རྣམ་བཞི། བིར་སྲུངས་འཁྲུལ་སེལ་སོགས་འཁྲུལ་སེལ་རྣམ་བཞི། དེ་བཞིན་ལམ་འབྲས་སྐོར་ལྷག་མ་དང་བཅས་པའི་ཐོ་ཡིག མན་ངག་གསལ་བྱེད་ལས་རྣམ་འབྲེལ་བཅུ་གཅིག་གི་ངོས་འཛིན། གཉག་མའི་རྩོད་སྤོང་། དག་ལྡན་རྩོད་སྤོང་། ལམ་འབྲས་ཀྱི་ཆོས་སྣ་དྲུག་བཅུའི་རྐང་གྲངས། གླེགས་བམ་ཕྲ་མོ། རྫོང་ལུགས་མགོན་པོད་དཀར་ཆག གཞུང་ཤིང་ཕྱི་མ་གསུམ་གྱི་དམིགས་ཐུན་བཅོར་ལུགས་ཀྱི་དྲིས་ལན། སོགས་མཛད་ཅིང་རྗེ་འདིའི་གསུང་རྩོམ་སྐོར་ལ་འཇམ་མགོན་ཨ་མྱེས་ཞབས་ཀྱིས། དེའང་གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་ཆུ་རྒྱུན་རྣམ་པ་བཞི་དང་། སྒྲུབ་པ་བཞི་ལ་སོགས་པ་གསུང་རབ་ཀྱི་ཚོགས་མང་པོ་ཞིག་མཛད་པ་ལས་རྣམ་པར་བཤད་པའི་ཆུ་རྒྱུན་དང་པོ་ནི། བོ་དོང་པཎ་ཆེན་སོགས་གཞན་ལུགས་ཀྱི་མཁས་པ་འགའ་ཞིག་གིས་རྗེ་བཙུན་གོང་མའི་གསུང་ལ་བརྒལ་བརྟག་ཀྱི་རྣམ་གྲངས་མང་པོ་ཞིག་གསུངས་པ་དག་ལུང་རིགས་ཀྱི་སྒོ་ནས་སུན་ཕྱུང་སྟེ་ཆོས་དང་མཐུན་པའི་ལན་མེད་པར་མཛད་ཅིང་། གོང་མའི་དགོངས་དོན་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ལེགས་བཤད་ཀྱི་དགའ་སྟོན་སྣང་། ཞེས་ [10] སོགས་ཀྱིས་བསྔགས་པའི་གསུང་རབ་ཁྱད་དུ་འཕགས་ཤིང་འགྲན་ཟླ་བྲལ་བའི་ལྟ་གྲུབ་སྟོན་པའི་གསུང་ཚད་ལྡན་དུ་སྣང་བ་དང་། ལོ་རྒྱུས་ཀྱི་ཆ་ནས་བཤད་ནའང་། ཆེས་གྲགས་ཆེ་བའི་མུས་སྲད་པའི་དུས་གསལ་དང་། གདུང་རབས་རིན་ཆེན་འཕྲེང་བ། ལམ་འབྲས་བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་སྣང་བའི་ཁ་སྐོང་དང་། བླ་རིས་བླ་ཆེན་ཆོས་དཔལ་བཟང་པོའི་རྣམ་ཐར། སོགས་གསུང་རྩོམ་དུ་མ་ཞིག་མཛད་པ་རྣམས་བོད་ཀྱི་ལོ་རྒྱུས་རིག་གནས་བང་མཛོད་ཀྱི་གཅེས་ནོར་དུ་གྱུར་ཡོད་མོད་མང་པོ་ཞིག་ནི་བོད་དུ་བཙན་འཛུལ་བའི་རིག་གསར་གྱི་སྐབས་རྨེག་མེད་དུ་ཐིམ་ཟིན་ལ། མི་ཉུང་བ་ཞིག་རྙེད་སོན་བྱུང་ནའང་ད་དུང་འཚོལ་བསྡུ་བྱ་མུས་ཡིན་པས་བོད་ཀྱི་རིག་གནས་ལ་དུང་བ་ཟབ་པའི་མཁྱེན་ལྡན་པ་རྣམས་ལ་རྗེ་བཙུན་མཁས་པའི་དབང་པོ་མུས་སྲད་པ་ཆེན་པོའི་གསུང་རྩོམ་དང་ཡིག་ཆའི་རིགས་མཁྱེན་རྟོགས་གང་བྱུང་ཡང་ཁོ་བོ་ཅག་ལ་བརྒྱུད་སྤྲོད་གནང་རོགས་ཞེས་གསོལ་འདེབས་ཞུ་བ་ལགས་སོ། །

mus srad pa'i gdung rabs skor [2018] ལས་བཏུས། གོང་དཀར་དགའ་བས།
[version: 2019-02-01]

མཆན་རྣམས།

[1] དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམསས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད། ཤོག་གྲངས་ ༡༥༦ དེབ་གཟུགས། པོད་ཤ ༢༨ ཨ་མྱེས་ཞབས་ཀྱི་གསུང་འབུམ། སི་ཁྲོན་བོད་ཡིག་དཔེ་རྙིང་མྱུར་སྐྱོབ་འཚོལ་སྒྲིག་ཁང་ནས་བསྒྲིགས།
[2] རྗེ་འདི་དེ་བྱུང་རིག་པའམ་ལོ་རྒྱུས་ལ་ཤིན་ཏུ་མཁས་པ་ཡིན་པའི་དན་རྟགས་སུ། མང་ཐོས་ཀྱི་བསྟན་རྩིས་གསལ་བའི་ཉིན་བྱེད་ཀྱི་མིག་ཏུ་གྲགས་པའི་(མུས་སྲད་པའི་དུས་གསལ་གྱི་རྩ་འགྲེལ།) དང་། ལམ་འབྲས་བླ་བརྒྱུད་ཀྱི་རྣམ་ཐར་(ངོ་མཚར་སྣང་བའི་ཁ་སྐོང་།) སོགས་ཀྱི་རྩོམ་རྩལ་ལ་གཟིགས་ན་གསལ་པོར་རྟོགས་ཐུབ།
[3] བསྟོད་པ་འདི་ནི། མཁས་གྲུབ་ཆེན་པོ་སྒྱི་ཆུ་བ་བུདྡྷ་ཤྲཱིས། ཡང་ལན་ནོར་བུའི་ཕྲེང་བའི་མཆོད་བརྗོད་དུ་མཛད་པ་ལས་དྲངས་པའོ༎
[4] འཇམ་མགོན་ཨ་མེས་ཞབས་ཀྱི་ངོར་རྫོང་རྣམ་བཤད། ཨ་མྱེས་ཞབས་ཀྱི་གསུང་འབུམ། པོད་སོ་བཞི་པ། ཤོག་གྲངས་༡༢༦ སི་ཁྲོན་བོད་ཡིག་དཔེ་རྙིང་མྱུར་སྐྱོབ་འཚོལ་སྒྲིག་ཁང་ནས་བསྒྲིགས།
[5] རྗེ་འདིའི་མཚན་གཞན་ནི། མཚུངས་མེད་རྡོ་རྗེ་རྒྱལ་མཚན། བྲང་(གྲང) མོ་ཆེ་པ་ཞེས་སོགས་སོ༎
[6] བཀའ་འབབ་རྣམ་བཞིའི་རྗེས་འབྲངས་མཁས་གྲུབ་རྣམ་བཞི་ནི། བཀའ་འབབ་བཞིའི་གདམས་པ་རྗེས་འབྲང་གི་མཁས་གྲུབ་ངོར་པ་དང་། རྫོང་པ་དང་། གོང་དཀར་བ་ལས་བརྒྱུད་པ་དང་། ཁའུ་བྲག་རྫོང་པ་ལས་བརྒྱུད་པའི་ལུགས་རྣམས། ཞེས་ཤོག་གྲངས་ ༥༨་སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་གི་གསན་ཡིག་གླེབས་བམ་གཉིས་པར་གསལ་ཅིང་། སྤྱིར་རྫོང་པ་ལ་སློབ་བརྒྱུད་ཤིན་ཏུ་མང་ནའང་། སྐབས་འདིའི་རྫོང་པ་ནི་སྔགས་འཆང་གཟུངས་ཀྱི་དཔལ་བ་ལས་རྗེ་བཙུན་མུས་སྲད་པ་ཆེན་པོ་འདི་ཉིད་བརྒྱུད་པ་ལ་བཞེད་པས་ཞིབ་པར་གཟིགས་འདོད་ན་གསན་ཡིག་ཏུ་གཟིགས།
[7] ཚར་ཆེན་རྡོ་རྗེ་འཆང་ཆེན་པོ་བློ་གསལ་རྒྱ་མཚོའི་གསུང་། ཤོག་གྲངས་༥༩་སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་གི་གསན་ཡིག་གླེབས་བམ་གཉིས་པར་གསལ།
[8] ་སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེའི་གསན་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། ཤོག་གྲངས་༡༥༧ དེབ་གཟུགས། ༢༠༡༧ ལོར་དབུས་སྨོན་ལམ་རྒྱུན་ལས་ཁང་ནས་སྤར་བ།
[9] ཆོད་རྗེ་མུས་སྲད་པ་རྡོ་རྗེ་རྒྱལ་མཚན་པ་ལ་ས་སྐྱའི་བསྟན་འཛིན་དུ་མངའ་གསོལ་བའི་ཞུ་ཡིག ཅེས། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད། ཤོག་གྲངས་༡༦༣ ན་གསལ། དེབ་གཟུགས། ༢༠༠༡ ལོར། བོད་གོང་དཀར་ཆོས་སྡེ་ནས་སྤར་དུ་བསྐྲུན་པར་གསལ་ལ། རྗེ་འདིའི་གསུང་ཕལ་ཆེ་བ་རྙེད་ནའང་ཞུ་ཡིག་དེ་ད་ཕན་མ་རྙེད་པས་མ་མཇལ།
[10] ཨ་མེས་ཞབས་ངོར་རྫོང་རྣམ་བཤད། ཤོག་གྲངས་༣ དེབ་གཟུགས། པོད་༢༨ ཨ་མྱེས་ཞབས་གསུང་འབུམ།

གསུང་རབ།

དཀྱིལ་འཁོར་རྣམ་བཞིའི་བཤད་པ་བཞུགས་ལགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 419-443

བཀའ་བསྒྲུབ་ཀྱི་ལེའུ་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 202-212

སྐབས་གསུམ་པའོ། །རྣམ་པར་བཤད་པའི་ཆུ་རྒྱུན་ལོག་པར་སྨྲ་བའི་དྲི་མ་འཁྲུད་བྱེད་ལས། རྩ་བ་དང་ཡན་ལག་གི་ལྟུང་བའི་རྣམ་པར་འགྲེལ་པ་འཁྲུལ་པ་སྤོང་བ་ལ་གཞན་གྱི་ལོག་པར་གྲགས་པའི་རྩོད་པ་སྤོང་བ་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 434-500

[ཁྲིད་ཀྱི་ལུང་སྦྱོར་གསལ་བྱེད།] (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 278-283

མཁས་གྲུབ་རྣམས་ཀྱི་རྣམ་ཐར་བསྡུས་པ་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 159-168

མཁས་གྲུབ་རྣམས་ཀྱི་རྣམས་(=རྣམ་) ཐཪ་བསྡུས་པ་བཞུགས་སོ།། (དཔེ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

ff. 1a-8a (8 ff.)

གགས་སེལ་གྱི་ཡི་གེ་བཞིའི་གསལ་བྱེད་བཞུགས། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 329-400

གུར་གྱི་མགོན་པོའི་མན་ངག་དང་ཡི་གེའི་ཐོ་བཞུགས། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 590-599

[གུར་རྒྱན་བསྡུས་དོན་དང་བཅས་པའི་གསལ་བྱེད] (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 159-189

གུར་རྒྱན་བསྡུས་དོན་དང་བཅས་པའི་གསལ་བྱེད་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 318-323

གྱིང་ལྔ་གཟའ་གདོང་གི་མཆོད་བསྟོད་རྒྱས་པ་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 621-627

གླེགས་བམ་ཕྲ་མོ། (ཁུངས་ཙམ།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

མགོན་པོའི་བསྐང་བ་རྒྱས་འབྲིང་བསྡུས་གསུམ་གྱི་ས་བཅད་རྩང་བྱམས་པས་མཛད་པ་བཞུགས། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 606-612

རྒྱས་གདབ་གསལ་བྱེད། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 327-328

རྒྱུད་སྡེ་སྤྱི་རྣམ་གྱི་གསལ་བྱེད་བཞུགས། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 12-76

རྒྱུད་སྡེའི་དུམ་བུའི་གསལ་བྱེད་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 9-11

རྒྱུད་གསུམ་མན་ངག་དང་བཅས་པའི་གསལ་བྱེད་བཞུགས། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 301-317

མངའ་རིས་བླ་ཆེན་གྱི་རྣམ་ཐར་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 136-145

མངའ་རིས་བླ་ཆེན་གྱི་རྣམ་པར་ཐར་པ། (དཔེ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

ff. 1a-7a

མངོན་རྟོགས་ལྗོན་ཤིང་གསལ་བྱེད་བཞུགས། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 77-124

མངོན་རྟོགས་རྩོད་སྤོང་བཞུགས། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 21, pp. 5-224

ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་ལ་བསྟོད་པའི་ཚིགས་སུ་བཅད་པ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 134-135

ཆོས་རྗེ་རྒྱལ་མཚན་དཀོན་མཆོག་གི་རྣམ་ཐར་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 146-151

ཆོས་རྗེ་བཟང་པོ་རྒྱལ་མཚན་པའི་རྣམ་ཐར་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 152-158

འཆི་ལྟས་འཕྲུལ་འཁོར་འཆི་བླུ་དང་བཅས་པའི་གསལ་བྱེད། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 289-300

རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་དཔལ་ལྡན་ས་སྐྱའི་གདུང་རབས་རིན་པོ་ཆེའི་ཕྲེང་བ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

[gong dkar/]: rdzong pa'i dpe rnying 'tshol bsdu khang /, 2013; pp. 158-278

རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་དཔལ་ལྡན་ས་སྐྱའི་གདུང་རབས་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 1-133

[རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེའི་ཕྲེང་བ་བསྟར་བ།] (དཔེ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

ff. 5a-81b

གཉག་མའི་རྩོད་སྤོང་། (དཔེ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

[Kathmandu]: Sachen International (sa skya rgyal yongs gsung rab slob gnyer khang /), 2007; vol. 03|ga, pp. 401-606

གཉག་མའི་རྩོད་སྤོང་བཞུགས་པ་ལགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 21, pp. 312-483

དག་ལྡན་རྩོད་སྤོང་། (དཔེ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

[Kathmandu]: Sachen International (rgyal yongs sa chen dpe skrun khang /), 2007; vol. 03|ga, pp. 185-400

དག་ལྡན་རྩོད་སྤོང་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 452-634

དག་ལྡན་གསལ་བྱེད་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 138-158

[དེ་ཉིད་གསལ་བྱེད] (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 125-137

དྷཱུ་ཏཱིར་ཉི་ཟླ་བཟུང་མཛད་བི་རཱུ་པས། །སྐལ་བཟང་ཁོ་ནའི་འཐོབ་བྱ་གསེར་འགྱུར་རྩི། །རྡོ་རྗེའི་གསུང་མཆོག་མདུད་པས་ལེགས་བསྡམས་པ། །དེ་ཉིད་རྣམ་འབྱེད་རྣམ་འགྲེལ་བཅུ་གཅིག་པོ། །མ་འདྲེས་གཟིགས་པའི་བློ་མིག་ལྡན་པ་ཡིས། །གཟུར་གནས་མཁས་པ་དགྱེས་པའི་ལེགས་བཤད་དོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 226-235

བདག་མེད་མའི་ནང་ཁྲིད་ཟབ་མོ་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 401-408

རྡོ་རྗེ་འཇིགས་བྱེད་ཀྱི་རྭའི་དཀར་ཆག་གི་ཁ་སྐོང་གསལ་བྱེད། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 286-288

རྡོ་རྗེ་དང་དྲིལ་བུའི་དེ་ཁོ་ན་ཉིད་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 213-225

ནག་པོ་ཆེན་པོའི་ཆོས་སྐོར་གྱི་དཀར་ཆག (ཁུངས་ཙམ།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

གནས་ཆེན་མུ་གུ་ལུང་གི་ཁྱད་པར་བཤད་པ་བཞུགས། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 197-201

གནས་ཆེན་མུཀ་གུ་ལུང་གི་ཁྱད་པར་བཤད་པ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 1995; pp. 295-299

རྣམ་འགྲེལ་བཅུ་གཅིག་གི་ངོས་འཛིན་དང་དེ་ཇི་ལྟར་གསུང་པའི་སྡོམ་ཚིག་ངོར་ཆེན་གྱིས་མཛད་པ། མན་ངག་རྣམ་འགྲེལ་གྱི་ངོས་འཛིན། ལམ་འབྲས་ཀྱི་ཆོས་སྣ་དྲུག་བཅུའི་རྐང་གྲངས་མུས་སྲད་པ་ཙངས་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་ཚིགས་བཅད་རྣམས། (དཔེ་གཟུགས།)

ངོར་ཆེན་ཀུན་དགའ་བཟང་པོ།, མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

ff. 1a-3b

རྣམ་འགྲེལ་ཞལ་མཚོན་བཞུགས་ལགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 1-8

རྣམ་པར་བཤད་པའི་ཆུ་རྒྱུན་གཉིས་པ། (དཔེ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

[Kathmandu]: Sachen International (rgyal yongs sa chen dpe skrun khang /), 2007; vol. 03|ga, pp. 607-668

རྣམ་པར་བཤད་པའི་ཆུ་རྒྱུན་གཉིས་པ་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 501-551

རྣམ་པར་བཤད་པའི་ཆུ་རྒྱུན་བཞི་པ། (དཔེ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

[Kathmandu]: Sachen International (rgyal yongs sa chen dpe skrun khang /), 2007; vol. 03|ga, pp. 699-716

རྣམ་པར་བཤད་པའི་ཆུ་རྒྱུན་བཞི་པ་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 576-589

རྣམ་པར་བཤད་པའི་ཆུ་རྒྱུན་ལོག་པར་རྟོག་པའི་དྲི་མ་འཁྲུད་བྱེད་གསུམ་པ་བཞུགས། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 552-575

རྣམ་པར་བཤད་པའི་ཆུ་རྒྱུན་ལོག་པར་རྟོག་པའི་དྲི་མ་འཁྲུལ་(=འཁྲུད་) བྱེད་གསུམ་པ། (དཔེ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

[Kathmandu]: Sachen International (rgyal yongs sa chen dpe skrun khang /), 2007; vol. 03|ga, pp. 669-698

རྣམ་པར་བཤད་པའི་ཆུ་རྒྱུན་ལོག་པར་སྨྲ་བའི་དྲི་མ་འཁྲུད་བྱེད་ལས། རྒྱུད་སྡེ་སྤྱིའི་རྣམ་པར་བཞག་པ་རྒྱུད་མ་ལུས་པར་འཇུག་པ་ལ་རྩོད་པ་སྤོང་བ་བཞུགས། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 21, pp. 225-311

རྣམ་བཤད་ཆུ་རྒྱུན་ལོག་སྨྲའི་དྲི་མ་འཁྲུད་བྱེད། (དཔེ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

[Kathmandu]: Sachen International (rgyal yongs sa chen dpe skrun khang /), 2007; vol. 02|kha-03|ga

རྣམ་བཤད་ཆུ་རྒྱུན་ལོག་སྨྲའི་དྲི་མ་འཁྲུད་བྱེད་ཅེས་བྱ་བ་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 21, pp. 1-4

པུ་སྟི་ཕྲ་མོའི་དཀར་ཆག (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 195-196

དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེའི་འཕྲེང་བ། (དཔེ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

ff. 1a-156a

དཔལ་ནག་པོ་ཆེན་པོ་གྱི་ལྗང་ལུགས་ཀྱི་ཆོས་སྐོར་གྱི་དཀར་ཆག་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 613-616

དཔལ་ནག་པོ་ཆེན་པོའི་བསྐང་གསོ་རྒྱས་འབྲིང་བསྡུས་གསུམ་གྱི་ཐེམ་ཡིག་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 600-605

བླ་མ་རྒྱ་གར་བའི་ལོ་རྒྱུས། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 169-170

[བླ་མ་བརྒྱུད་པའི་ཁ་སྐོང་ཞིག] (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 184-187

བླ་མའི་རྣམ་ཐར་ངོ་མཚར་སྣང་བའི་ཁ་སྐོང་། (དཔེ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

ff. 1a-11b

བླ་མའི་རྣམ་ཐར་ངོ་མཚར་སྣང་བའི་ཁ་སྐོང་བཞུགས། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 238-267

བྷ་ཡ་ན་སིའི་མངོན་རྟོགས་སྦྱིན་སྲེག་དང་བཅས་པ་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, p. 249

དབང་ཆུའི་རྩོད་སྤོང་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 250-433

སྦྱིན་སྲེག་གི་གསལ་བྱེད་བཞུགས། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 324-326

མན་ངག་གསལ་བྱེད། (ཁུངས་ཙམ།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

མན་ངག་གསལ་བྱེད་ལས། རྣམ་འགྲེལ་བཅུ་གཅིག་གི་ངོས་འཛིན། (དཔེ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

Dehra dun, U.P.: Sakya Centre, 1983; vol. 18|tsha, pp. 237-241

མུས་སྲད་པའི་བླ་མའི་རྣལ་འབྱོར་གསལ་བྱེད། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 284-285

མུས་སྲས་པ་རྡོ་རྗེ་རྒྱལ་མཚན་གྱི་མཛད་པའི་དཔལ་ས?་སྐྱའི?་གདུངས་རབས་ཞེས་བྱ་བ་ཞུགས་སོ།། ཧེ །། (དཔེ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

ff. 1a-74a (74 ff.)

དམར་པོ་བསྐོར་གསུམ་གྱི་དཀར་ཆག་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 188-194

[གཙུག་ན་རི་བོང་འཛིན་པ་ཅན་ཞེས་སོགས་དབྱངས་འཆར་ཉུང་ངུ།] (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 268-273

ཞལ་བཞི་པའི་མན་ངག་དང་ཡི་གེའི་ཐོ་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 617-620

གཞུང་ཤིང་ཕྱི་མ་གསུམ་གྱི་དམིགས་ཐུན་གཅོད་ལུགས་ཀྱི་དྲིས་ལན། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 409-412

གཞུང་ཤིང་ཕྱི་མ་གསུམ་གྱི་དམིགས་ཐུན་བཅོར་ལུགས་ཀྱི་དྲིས་ལན། (དཔེ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

ff. 1a-3b

གཞུང་ཤིང་གསལ་བྱེད་བཞུགས་པ་དགེ་ལེགས་འཕེལ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 413-418

བཟློག་པ་རྣམ་རྒྱལ་གྱི་ལག་ལེན་[རྩང་] བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 628-635

ཡང་དག་རྣམ་འགྲེལ་གྱི་ངོས་འཛིན་ལམ་འབྲས་ཀྱི་ཆོས་སྣ་དྲུག་ཅུའི་རྐང་གྲངས། མུས་སྲད་པ་རྩང་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་ཚིགས་བཅད་ལགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 236-237

ལམ་འབྲས་ལམ་སྐོར་ལྷག་མ་རྣམས་དང་བཅས་པའི་ཐོ་ཡིག (དཔེ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

Dehra dun, U.P.: Sakya Centre, 1985; vol. 22|za, pp. 301-309

ལམ་འབྲས་ལམ་བསྐོར་ལྷག་མ་དང་བཅས་པའི་ཐོ་ཡིག་བཞུགས་སོ། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 444-451

ས་སྐྱ་མཁོན་གྱི་གདུང་རབས་རིན་པོ་ཆེའི་འཕྲེང་བ་སྟར། (དཔེ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

ff. 1a-90b

[ས་བརྟག་པའི་ཆོ་ག་ཉུང་ངུ།] (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 274-277

སཾ་བྷུ་ཊིའི་ཊཱི་ཀ་གནད་ཀྱི་གསལ་བྱེད་བསྡུས་དོན་དང་བཅས་པའི་གསལ་བྱེད་བཞུགས། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 20, pp. 190-248

གསོལ་འདེབས་རྣམས་ཀྱི་ཁ་སྐོང་དང་རྩ་བའི་བླ་མ་རྣམས་ཀྱི་བསྟོད་པ་ཡོད། (དེབ་གཟུགས།)

མུས་སྲད་པ་རྡོ་རྗེ་རྒྱལ་མཚན།

lha sa/: bod ljongs bod yig dpe rnying dpe skrun khang /, 2017; vol. 19, pp. 171-183

པར་སྐྲུན།